31346
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ནི་དངོས་འབྱོར་ཕྱི་ནང་གི་མཆོད་རྫས་སྲེག་རྫས་རྣམས་མེ་ལ་སྦྱིན་སྲེག་བྱ་སའི་ཐབ་ཀ་ཞིག་ཡིན། རྩིག་པའི་དབྱིབས་ནི། གྲུ་གསུམ་སུམ་རྩིག་ཁྲོ་ཞལ་ཅན་ལ་ཁ་ཁྱེར་དུ་རྡུལ་མཚོན་གྱིས་གཡུང་དྲུང་ཞིག་བླུགས་ཏེ་ལྟེ་བར་ཡིག་འབྲུ་བསྭོ་བཀོད་པ་ཞིག་དགོས་པར་གསུངས་སོ། །མདོག་ནི། ནག་པོ་དགོས་པར་བཤད་དོ། །དེའི་མཚོན་དོན་ནི། དངོས་འབྱོར་གྱི་མཆོད་པ་སྐམ་རློན་གྱི་རྫས་རྣམས་འབུལ་སའི་ལྷ་ཡི་ཞལ་མཚོན་པ་ཡིན་ནོ། །འདིར་གཡུང་དྲུང་ནི། སྐབས་བབ་དྲག་པོའི་དཀྱིལ་འཁོར་གྱི་སྒོ་དང་བསྟུན་པ་སྟེ། གཞན་སྣང་ཟིལ་གྱིས་གནོན་པའི་བརྡ་དོན་ཡིན་པར་མངོན་ནོ། ། |
| Domain | ཆོས་ལུགས། |