31357
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་མགྲིན་གསང་བ་འདུས་པ་ལས། དྲག་པོའི་སྦྱོར་བ་རྫས་རྒོད་ནག་པོ་བྱ་བའི་ལས་ཚོགས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་ཨོ་རྒྱན་པདྨ་ལ༔ རྒྱ་གར་བྷ་སིང་ནགས་ཁྲོད་དུ༔ མཁས་པ་བི་མལ་མིཏྲས་ཕུལ༔ བསྟན་འཕང་རྒྱ་ཡིས་བཏབ་ནས་ཀྱང༔ གཏེར་ཁ་གསུམ་དུ་སྦས་ཏེ་བཞག༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་ཕྲད་ནས་ཀྱང༔ སངས་རྒྱས་བསྟན་པའི་བཙས་སུ་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བརྒྱད་པའི་མེ་ཡོས་ལོར་རོང་གསུམ་འདུས་པའི་བྲག་དམར་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་དུས་ཀྱི་ཐ་མར་མི་རྣམས་བདུད་ཀྱི་དབང་དུ་ཤོར་ནས་ལས་ངན་སྣ་ཚོགས་སྤྱད་ཅིང་། མི་སྲོག་ཕལ་ཆེར་སྡེ་བརྒྱད་ཀྱིས་གཅོད་པའི་ཚེ་དེ་དག་སེལ་བ་དང་། མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་མཛད་ཕྲིན་རྒྱས་པ་སོགས་ཀྱི་ཕྱིར་རྒྱུའི་ཏིང་ངེ་འཛིན་གྱི་ངང་ནས་རང་ཉིད་མ་ཧཱ་དེ་ཝར་བསྐྱེད་པའི་སྒོ་ནས་དྲག་ལས་སྦྱོར་བའི་ཚུལ་བསྟན། |