31360

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲག་པོར་སྦྱོང་བ་ (1)
Part of speech མིང་ཚིག
Definition དྲག་པོ་དམག་གི་ལས་སྦྱོང་པར་བྱེད་པའི་དོན་ཏེ།
Example རྒྱལ་ཁབ་ཅིག་ལ་མཚོན་ན་དྲག་པོར་སྦྱོང་བ་གལ་ཆེན་དུ་བརྩི་འོས་ལྟ་བུ།
དྲག་པོར་སྦྱོང་བ་ (2)
Part of speech མིང་ཚིག
Definition ཤེས་བྱའི་གནས་གང་ཡང་རུང་བར་སློབ་སྦྱོང་ཤུགས་ཆེན་པོའམ་འབད་པ་བྱས་པའི་དོན་ཏེ།
Example དྲག་པོར་སྦྱོང་བ་བྱས་ན་མི་མཁས་ག་ལ་སྲིད་ལྟ་བུ།
དྲག་པོར་སྦྱོང་བ་ (3)
Part of speech མིང་ཚིག
Definition གྲོད་ཁོག་ཤུགས་ཆེན་པོ་བཤལ་བའི་སྨན་གཏོང་བའི་དོན་ཏེ།
Example དྲག་པོར་སྦྱོང་བ་ཤ་སྐམ་རྐྱེན་དུ་འགྱུར་ལྟ་བུ།