31419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲང་དོན་གྱི་གསུང་རབ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། མཚན་ཉིད་ནི། དོན་དམ་རྟོགས་པའི་ཐབས་སུ་གྱུར་པའི་ཀུན་རྫོབ་ཀྱི་རྣམ་གཞག་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པའི་མདོའོ། །ཏིང་ངེ་འཛིན་རྒྱལ་པོ་ལས། གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པའི་ཕྱིར། དེས་ན་གྲུབ་མཐའ་སྨྲ་བ་བཞི་ཆར་གྱི་ལུགས་ལ། ཀུན་རྫོབ་བདེན་པ་དྲང་དོན་དུ་འདོད་པར་མཚུངས། ཞེས་ཀུན་མཁྱེན་གོ་རམས་པས་ཡུམ་དོན་རབ་གསལ་ལས་གསུངས་སོ། ། དྲང་བའི་དོན་གྱི་གསུང་རབ་ཀྱི་མཚན་ཉིད་ནི། གདུལ་བྱའི་ཁྱད་པར་གནས་སྐབས་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་དགོས་པའི་གདུལ་བྱ་ལ། བསྟན་བྱའི་ཁྱད་པར་ཀུན་རྫོབ་ཀྱི་བདེན་པ་ཉིད་གནས་སྐབས་ཀྱི་བསྟན་བྱའི་གཙོ་བོར་སྟོན་པའི་གསུང་རབ་བོ། །དྲང་དོན་སྒྲ་ཇི་བཞིན་པ་ནི། འདུས་བྱས་མི་རྟག་པར་སྟོན་པའི་མདོ་ལྟ་བུའོ། །སྒྲ་ཇི་བཞིན་མ་ཡིན་པ་ལ་གཉིས་ལས། དགོངས་པ་ཅན་ནི། འོ་སྐོལ་གྱི་སྟོན་པས་ང་དེའི་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་ལྟ་བུའོ། །དགོངས་པ་ཅན་མ་ཡིན་པ་ནི། ཕྱི་རོལ་པ་བསྟན་པ་ལ་གཞུག་པའི་དོན་དུ་བདག་ཡོད་པར་གསུངས་པ་ལྟ་བུའོ། །
Domain ཆོས་ལུགས།