31429
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ ལྟུང་བ་བྱུང་བ་རྣམས་མི་འཆབ་ཅིང་བརྗོད་དེ་རྣམ་པར་འབྱེད་པ་དང་། འཆགས་པས་ཀུན་ནས་ལྡང་བ་མེད་པ་ཡིན། ༢ དེའི་བདེན་པའི་ཚིག་གང་གིས་རྒྱལ་སྲིད་སྟོར་བའམ། ནོར་ཡལ་བའམ། སྲོག་གི་བར་ཆད་དུ་འགྱུར་ཡང་བདེན་པའི་ཚིག་མི་མཁྱུད་ཅིང་གཞན་ནས་གཞན་དུ་བསྒྱུར་བའི་ཚིག་མི་སྨྲ་བ་ཡིན། ༣ གཞན་གྱིས་གནོད་པ་བྱ་བ་སྐུར་པ་དང་། མཚང་འབྲུ་བ་དང། སྨོད་པ་དང། བཤུང་བ་དང་། བསྡིགས་པ་དང་། རྡེག་པ་དང་། གསོད་པ་དང། འཆིང་བར་བྱེད་པའི་ཉེས་པ་ཐམས་ཅད་བདག་གི་ཉེས་པར་སེམས་ཤིང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་གཞན་དག་ལ་མི་འཁྲུག་ཅིང་ཁོང་དུ་འཛིན་པ་མེད་པ་ཡིན། ༤ དེ་དད་པ་ལ་རབ་ཏུ་གནས་པ་ཡིན་ཏེ། བསམ་པ་ཡོངས་སུ་དག་པའི་ཕྱིར་ཐམས་ཅད་དད་པར་མི་འགྱུར་བའི་སངས་རྒྱས་ཀྱི་ཆོས་ལ་མངོན་པར་དད་པའོ། ། |
| Domain | ཆོས་ལུགས། |