31446

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲང་སྲོང་ (1)
Part of speech མིང་ཚིག
Definition ལུས་ངག་ཡིད་གསུམ་གཡོ་སྒྱུ་མེད་པར་དྲང་པོའི་ལམ་ལ་ཞུགས་ཤིང་སྲོང་མཁན་གྱི་དོན་ཏེ།
Example དྲང་སྲོང་ནགས་ན་གནས་ཤིང་ལུས་སེམས་བདེ་ལྟ་བུ།
དྲང་སྲོང་ (2)
Part of speech མིང་ཚིག
Definition དབྱངས་ཀྱི་ངེས་པ་བདུན་གྱི་ཡ་གྱལ་ཞིག
དྲང་སྲོང་ (3)
Part of speech མིང་ཚིག
Definition གྲངས་བདུན་ཏེ། འོད་ཟེར་ཅན་དང་། ཉི་མ། རྒྱུན་ཤེས། འོད་ཡངས། ལྷ་མིན་འཇོམས། མཆོད་སྦྱིན་ཅན། གནས་འཇོག་སྟེ་སྐར་མ་སྨིན་བདུན་ལ་གནས་པའི་དྲང་སྲོང་བདུན་ཡོད་པས་མིང་དེ་ལྟར་བཏགས་པར་བཤད།
Type མངོན་བརྗོད།