31460

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲང་སྲོང་མདོག་ནག་ (1)
Part of speech མིང་ཚིག
Definition དྲང་སྲོང་མདོག་ནག་ནི། རྒྱལ་བུ་དོན་ཀུན་གྲུབ་པ་སྐུ་བལྟམས་རྗེས་རི་བོ་གངས་ཅན་ནས་འོངས་ཏེ་རྒྱལ་བུའི་མཚན་བལྟས་ཤིང་། སངས་རྒྱས་སུ་ལུང་བསྟན་མཛད་མཁན་གྱི་ཕྱི་རོལ་པའི་དྲང་སྲོང་ཞིག་སྟེ། རྒྱ་གར་གྱི་སྐད་དུ་འདིའི་མཚན་ལ། རྀ་ཥི་ཨཱ་སི་ཏ་ཞེས་གྲགས་ཤིང་། དྲང་སྲོང་མེས་སྦྱིན་ནམ་རཱྀ་ཥི་ནཱ་རད་ཅེས་པའང་དྲང་སྲོང་འདི་ཉིད་ཀྱི་ཚ་བོ་ཡིན་པར་གསུངས་ཏེ། ཡིད་ཀྱི་མུན་སེལ་ལས། ཤཱཀྱ་ཐུབ་པ་བལྟམས་པ་དེའི་ཚེ་རི་བོ་གངས་ཅན་ནས་དྲང་སྲོང་མདོག་ནག་གིས་ཚ་བོ་མེས་སྦྱིན་དང་ལྷན་ཅིག་འོངས་ཏེ་མཚན་བལྟས་ནས་འདི་སྐད་དུ། རྟོག་གེ་བ་རྣམས་ཐམས་ཅད་བློ་འཁྲུལ་ཏེ། །རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང་། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ངེས། །ཞེས་གསུངས་པ་དང་། ཡང་བཞེད་པ་མི་འདྲ་བ་ཞིག་ལ། དྲང་སྲོང་གིས་རང་གི་གནས་ནས་མངོན་ཤེས་ཀྱིས་མཁྱེན་ཏེ་འཁོར་ལོས་སྒྱུར་བའམ་སངས་རྒྱས་གང་རུང་དུ་འགྱུར་བར་ལུང་བསྟན་ཏོ་ཞེས་ཀྱང་སྣང་།