31479
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ཡི་གེའི་སྒྲ་རྣམ་པ་བཞིའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དྲངས་པའི་སྒྲ་གང་ཞེ་ན། འདི་ལྟ༷་སྟེ། ཡི་གེ་ཀ་ལྟ་བུའི་དངོས་པོ་གང་དང་གང་ཞིག་ལས་ཚིག་གང་ལྟར་ཡང་དྲངས་པའི་སྒྲ་ཀརྨ་ཞེས་པ་དང༌། ཀཱ་ཡ་ཞེས་པ་དང༌། ཀཱ་ར་ཎི་ཞེས་པ་དང༌། ཀཱ་ལ་ཞེས་པ་ལྟ་བུ་དེ་དང་དེ་ལས་དོན་ཕྲིན་ལས་དང་སྐུ་དང་ཐུགས་རྗེ་དང་ནག་པོ་ཞེས་པ་ལྟ་བུ་གང་ཐ་དད་པར་འབྱུང་ཞིང་འགྱུར་བ་ལྟ་བུ་གང་ཡིན་པའོ། །ཡི་གེ་གཞན་དག་ཀྱང་རྗེས་སུ་མཐུན་པའི་ཕྱིར་སྒྲ་བརྩེགས་མར་བྱུང་བ་སྟེ་བཤད་པ་དག་ཀྱང་ཤེས་པར་བྱའོ། །ཞེས་གསུངས། |
| Domain | ཆོས་ལུགས། |