31500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲན་པ་ཉེ་བར་བཞག་པ་གསུམ་ (1)
Part of speech མིང་ཚིག
Definition དེ་བཞིན་གཤེགས་པའི་དྲན་པ་ཉེ་བར་བཞག་པ་རྣམས་ཏེ། གུས་པས་ཆོས་ཉན་པ་ལའང་ཆགས་པ་མེད་པར་ཐུགས་དྲན་པ་ཉེ་བར་བཞག་པ་དང༌། མ་གུས་པས་མི་ཉན་པ་ལའང་སྡང་བ་མེད་པར་ཐུགས་དྲན་པ་ཉེ་བར་བཞག་པ་དང༌། ཉན་པ་དང༌། མི་ཉན་པ་གཉིས་ཀ་མེད་པར་ཐུགས་དྲན་པ་ཉེ་བར་བཞག་པའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་གསུམ་བསྟན་པ་ནི། མདོ་ལས། དགེ་སློང་དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི། གང་དག་འཕགས་པ་བརྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན་འཁོར་ལ་རྗེས་སུ་སྟོན་པར་འོས་སོ་ཞེས་དང་། འཁོར་གུས་པར་ཉན་པ་དང་མི་ཉན་པ་དང་གཉིས་ཀའི་བྱེ་བྲག་གིས་གསུམ་གསུངས་ལ་གསུམ་པོ་འདི་དག་ནི་དྲན་པ་དང་ཤེས་བཞིན་ནམ་ཤེས་རབ་ཀྱི་བདག་ཉིད་དག་ཡིན་ནོ། །
Domain ཆོས་ལུགས།