31501

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲན་པ་ཉེ་བར་བཞག་པ་བཞི་ (1)
Part of speech མིང་ཚིག
Definition དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། འདི་ལ་དགེ་སློང་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ། རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་དང་། ཕྱིའི་ལུས་དང་། ནང་དང་། ཕྱིའི་ལུས་དང། ནང་གི་ཚོར་བ་རྣམས་ལ་ལྟ་ཞིང་གནས་པ། ཕྱིའི་ཚོར་བ་རྣམས་དང་། ནང་དང་། ཕྱིའི་ཚོར་བ་རྣམས་ལ་ལྟ་ཞིང་གནས་པ། ནང་གི་སེམས་དང་། ཕྱིའི་སེམས་དང་། ནང་དང་། ཕྱིའི་སེམས་དང་། ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ནང་དང་། ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་སྟེ།
Domain ཆོས་ལུགས།
དྲན་པ་ཉེ་བར་བཞག་པ་བཞི་ (2)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་ལས་བྱུང་བ་སྟེ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །
དྲན་པ་ཉེ་བར་བཞག་པ་བཞི་ (3)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ལུས་དྲན་པ་ཉེ་བར་གཞག་པ། ཚོར་བ་དྲན་པ་ཉེ་བར་གཞག་པ། སེམས་དྲན་པ་ཉེ་བར་བཞག་པ། ཆོས་དྲན་པ་ཉེ་བར་གཞག་པའོ།
དྲན་པ་ཉེ་བར་བཞག་པ་བཞི་ (4)
Part of speech མིང་ཚིག
Definition གཡུང་དྲུང་གནས་བཞིའི་བསྟོད་པའི་མཆན་འགྲེལ་ལས་བྱུང་བ་བོན་གྱི་ས་ལམ་འཕྲུལ་གྱི་སྒྲོན་མེ་ལས་བསྟན་པ་སྟེ། ལུས་དྲན་པ་ཉེ་བར་གཞག་པ། ཚོར་བ་དྲན་པ་ཉེ་བར་གཞག་པ། སེམས་དྲན་པ་ཉེ་བར་གཞག་པ། བོན་དྲན་པ་ཉེ་བར་གཞག་པའོ། །