31506
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། བྱང་ཕྱོགས་སོ་བདུན་གྱི་ནང་ཚན་གང་ཞིག རང་གི་དམིགས་པར་གྱུར་པའི་ལུས་ཚོར་སེམས་ཆོས་བཞི་པོ་ཅི་རིགས་པ་ལ་དམིགས་ནས་རང་དང་སྤྱིའི་མཚན་ཉིད་ཅི་རིགས་པའི་རྣམ་པས་དཔྱོད་པའི་རབ་ཏུ་ཕྱེ་བའི་ཤེས་རབ་གཙོ་བོར་གྱུར་པའི་རིགས་སུ་གནས་པའི་མཁྱེན་པར་དམིགས་པ། རང་ཉིད་དྲན་པ་ཉེར་གཞག་ཡིན་པའི་མཚན་ཉིད། དེ་ལ་དབྱེ་ན། ལུས་དྲན་པ་ཉེར་གཞག ཚོར་བ། སེམས། ཆོས་དྲན་པ་ཉེར་གཞག་སྟེ་བཞིར་ཡོད་དོ། ། |
Domain | ཆོས་ལུགས། |
{{#arraymap:དྲན་པ་ཉེར་གཞག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཚན་ཉིད། དམིགས་པ་ལུས་སོགས་ལ་དམིགས་ནས་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་བརྟགས་ཏེ་དཔྱོད་པར་བྱེད་པའི་རིགས་སུ་གནས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། ལུས། ཚོར་བ། སེམས། ཆོས་དྲན་པ་ཉེ་བར་བཞག་པ་བཞིའོ། །ས་མཚམས་ནི། ཉན་ཐོས་ཀྱི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། ཚོགས་ལམ་ཆུང་ངུའི་གནས་སྐབས་སུ་ནི་དངོས་པོ་ལ་ཡོངས་རྟོག་གི་ལམ་དང་ཁྱད་པར་མེད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། དམིགས་པ་ནི། ལུས་དང་ཚོར་བ་སོགས་བཞིའོ། །བཞི་པོ་དམིགས་པར་བཞག་པ་ནི། བྱིས་པ་རྣམས་ལུས་ལ་བདག་གི་རྟེན་གྱི་དངོས་པོ་དང་། ཚོར་བ་ལ་བདག་གི་ལོངས་སྤྱོད་ཀྱི་གཞི་དང་། སེམས་ལ་བདག་གི་དངོས་པོ་དང་། ཆོས་ལ་བདག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་བྱེད་པའི་དངོས་པོར་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། ངོ་བོ་ནི། དམིགས་པ་དེ་དག་ལ་རྗེས་སུ་ལྟ་བའི་ཤེས་རབ་དང་། དམིགས་རྣམ་མི་བརྗེད་པའི་དྲན་པའོ། །གྲོགས་ནི། དེ་གཉིས་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །བསྒོམ་ཚུལ་ལ་ལུས་དྲན་པ་ཉེར་བཞག་གི་བསྒོམ་ཚུལ་དང་། དྲན་པ་ཉེར་བཞག་ལྷག་མ་གསུམ་གྱི་བསྒོམ་ཚུལ་ལོ། །དང་པོ་ལ། དམིགས་པ་ནི་ལུས་ཡིན་ལ། ལུས་ལའང་། ཕྱིའི་ལུས་དང་། ནང་གི་ལུས་དང་། གཉིས་ཀའི་ལུས་སོ། །ཞེས་དང་། རྣམ་པ་ནི། རྣམ་པར་རྟོག་པ་ལ་སྣང་བའི་དུར་ཁྲོད་ལ་སོགས་པའི་ལུས་ཀྱི་གཟུགས་བརྙན་དང་། རང་བཞིན་གྱིས་ལུས་མི་གཙང་བར་མཉམ་པ་ཉིད་དུ་ལྟ་བའོ། །གཉིས་པ་ལྷག་མ་གསུམ་གྱི་སྒོམ་ཚུལ། དམིགས་པ་ནི། ནང་གི་ལུས་དང་ཕྱིའི་ལུས་ལ་བརྟེན་ནས་བྱུང་བའི་ཕྱི་ནང་གི་ཚོར་བ་དང་། ཚུལ་དེ་བཞིན་དུ་ཕྱི་ནང་གི་སེམས་དང་། ཆོས་རྣམས་སོ། །རྣམ་པ་ནི། ཉན་ཐོས་རྣམས་ཀྱིས་ཚོར་བ་སྡུག་བསྔལ་དང་། སེམས་མི་རྟག་པ་དང་། ཆོས་གང་ཟག་གི་བདག་མེད་པའི་རྣམ་པར་བསྒོམ་པ་ཡིན་ལ། བྱང་སེམས་ཀྱིས་ནི་ཆོས་ཀྱི་བདག་མེད་པའི་རྣམ་པས་ཀྱང་བསྒོམ་པའོ། །བསྒོམས་པའི་འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ནི། དམིགས་ཡུལ་བཞི་པོ་ལ་གཙང་བ་དང་། བདེ་བ་དང་། རྟག་པ་དང་། བདག་ཏུ་ཕྱིན་ཅི་ལོག་བཞི་སྤངས་པའོ། །མཐར་ཐུག་གི་འབྲས་བུ་ནི་ཟག་བཅས་ཀྱི་ལུས་ལ་སོགས་པ་དང་བྲལ་བའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། |
{{#arraymap:དྲན་པ་ཉེར་གཞག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དྲན་པ་ནི་ཤེས་རབ་ཆོས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་མ་ནོར་བར་ཤེས་པས་ལྷག་མཐོང་དང་སྦྱར་ཞིང༌། ཉེ་བར་བཞག་པ་ནི་ཇི་ལྟར་ཤེས་རབ་ཀྱིས་དཔྱད་པ་དེ་ཉིད་རྩེ་གཅིག་ཏུ་འཇོག་པས་ཞི་གནས་དང་སྦྱར་བ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ། སེམས་རྣམ་ཤེས་ཚོགས་དྲུག་དང་། ཆོས་འདུ་ཤེས་དང་འདུ་བྱེད་དང་འདུས་མ་བྱས་རྣམས་ལ་རང་དང་སྤྱིའི་མཚན་ཉིད་གཉིས་སུ་ཡོངས་སུ་བརྟགས་ཏེ་བསྒོམ་པའོ། །དབྱེར་ན་རང་བཞིན་དང་། འབྲེལ་བ། དམིགས་པའི་དྲན་པ་ཉེར་གཞག་གསུམ། ཡང་ན་ལུས་དྲན་པ་ཉེར་གཞག། ཚོར་བ་དྲན་པ་ཉེར་གཞག། སེམས་དྲན་པ་ཉེར་གཞག། ཆོས་དྲན་པ་ཉེར་གཞག་དང་བཞི་ཡོད། |
{{#arraymap:དྲན་པ་ཉེར་གཞག་
|; |@@@ | | }}