31520

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲན་པ་བརྗེད་པར་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པ་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ གང་ཟག་བཞི་ལ་གནས་བཞིས་རྣམ་པར་རྨོངས་པར་བྱེད་པ་སྟེ། གླེང་བ་པོ་རྣམས་དང༌། ལུང་འབོགས་པ་རྣམས་དང༌། ཕན་པར་འདོད་པ་རྣམས་དང༌། ཡོན་ཏན་དང་ལྡན་པ་རྣམས་ལ་བདག་ཉིད་ཀྱི་འགལ་བར་རྣམ་པར་རྨོངས་པར་བྱེད་པ། ༢ ཚངས་པ་མཚུངས་པར་སྤྱོད་པ་བསླབ་པ་ལ་ལེགས་པར་གནས་པ་རྣམས་ལ་བསླབ་པ་ལ་བཞིས་རྣམ་པར་རྨོངས་པར་བྱེད་པ། ༣ ཐེག་པ་ཆེན་པོ་ལ་མོས་པར་འདོད་པ་དང༌། སྒྲུབ་པར་འདོད་པ་རྣམས་ལ་མ་བརྗོད་པ་དང༌། བརྗོད་པ་དང༌། རྣམ་པར་བྱང་བའི་སྐྱོན་ཡོངས་སུ་སྟོན་པས་དེ་ལ་མོས་པ་དང༌། སྒྲུབ་པ་རྣམ་པར་རྨོངས་པར་བྱེད་པ། ༤ ཆོས་སྨྲ་བའི་གང་ཟག་རྣམས་ལ་གསང་བའི་གནས་རྣམ་པར་དབྱེ་བའི་ཕྱིར་རྣམ་པར་རྨོངས་པར་བྱེད་པའོ། །
Domain ཆོས་ལུགས།