31542

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲན་པའི་མཐུ་ཚོལ་བར་འགྱུར་བ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ་ལས་བྱུང་བ་སྟེ། དྲན་པའི་དབང་པོ་ཡོངས་སུ་རྫོགས་པ་གོམས་པར་བསྒོམ་པར་བྱ་བ། ཤིན་ཏུ་བདེ་བའི་ཤེས་རབ་སྤྱོད་པ། དྲན་པ་རྒྱུན་མི་འཆད་པ་དང་ལྡན་པ། དྲན་པ་ཉེ་བར་བཞག་པ་བཞི་རྫོགས་པར་བསྒོམ་པའོ།
Domain ཆོས་ལུགས།
དྲན་པའི་མཐུ་ཚོལ་བར་འགྱུར་བ་བཞི་ (2)
Part of speech མིང་ཚིག
Definition བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་རྟག་ཏུ་དྲན་པ་སེམས་ལ་འཇོག་པ། དྲན་པའི་དབང་པོ་རྣོ་བས་སྔོན་གྱི་གནས་བསྒོམ་པ་ཤེས་པའི་ཤེས་རབ་རྣམ་པར་དག་པ་དང་ལྡན་པ། དྲན་པ་རྒྱུན་མི་འཆད་པར་མྱུར་དུ་འཐོབ་པར་བྱ་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་བསྐྱེད་པའོ།
དྲན་པའི་མཐུ་ཚོལ་བར་འགྱུར་བ་བཞི་ (3)
Part of speech མིང་ཚིག
Definition བསམ་པའི་ཐབས་ཡོངས་སུ་རྫོགས་པ་སྒོམ་པ། ཡང་དག་པའི་ཡེ་ཤེས་དང་ཤེས་རབ་སྒོམ་པ། སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་ཕྱིར་ཤིན་ཏུ་བརྩོན་འགྲུས་བསྐྱེད་པ། དྲན་པའི་སྟོབས་རྒྱུན་མི་འཆད་པ་ཐོབ་པར་བྱ་བའི་ཕྱིར་དྲན་པ་མི་བརྗེད་པའོ།
དྲན་པའི་མཐུ་ཚོལ་བར་འགྱུར་བ་བཞི་ (4)
Part of speech མིང་ཚིག
Definition ཤེས་རབ་ཤིན་ཏུ་བྱང་བ་དྲན་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པའི་བརྩོན་འགྲུས། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཐོབ་པར་བྱ་བའི་ཕྱིར་རྩེ་གཅིག་པའི་སེམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པ། ཆོས་ཐམས་ཅད་ཡང་དག་པར་དྲན་པའི་ཕྱིར་རྟག་ཏུ་ལེ་ལོ་མེད་པ། ཡང་དག་པའི་ཡིད་ལ་བྱ་བའི་ཕྱིར་རྟག་ཏུ་དབང་པོ་རྣམས་བསྲུང་བའོ།
དྲན་པའི་མཐུ་ཚོལ་བར་འགྱུར་བ་བཞི་ (5)
Part of speech མིང་ཚིག
Definition ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ། སྤྱོད་ལམ་རྣམ་པར་དག་པ་དང་ལྡན་པ། སྤྱོད་པའི་གནས་ཀུན་ཏུ་སེམས་ཀྱི་སྒྲིབ་པ་ལྔ་ཡོངས་སུ་བསལ་ཏེ་འཇིག་རྟེན་གྱི་ཆོས་ལ་མི་ཆགས་པ། ལས་ཀྱི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་སྤངས་པའོ།
དྲན་པའི་མཐུ་ཚོལ་བར་འགྱུར་བ་བཞི་ (6)
Part of speech མིང་ཚིག
Definition མི་འཁྲུགས་པའི་སེམས་ཀྱིས་དགེ་བའི་ཆོས་ཚོལ་བ། སེམས་ཀྱི་མཚན་ཉིད་གཅིག་ལ་གོམས་པར་བསྒོམས་པ། ཆོས་རྣམས་ཀྱི་རྣམ་གྲངས་ལ་ཡང་དག་པར་འཇུག་ཅིང་ཤིན་ཏུ་མཁས་པ། འདུ་འཛི་ལ་མི་མོས་པས་ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བའི་གང་ཟག་སྤོང་བའོ།
དྲན་པའི་མཐུ་ཚོལ་བར་འགྱུར་བ་བཞི་ (7)
Part of speech མིང་ཚིག
Definition དགེ་བའི་བཤེས་གཉེན་ལ་བསྟེན་པ་དང། རྟག་ཏུ་ཆོས་ཟབ་མོ་ལ་ནན་ཏན་བྱེད་པ་དང། རྟག་ཏུ་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་གམ་དུ་འགྲོ་བ་ལ་དགའ་བ། གསོལ་བ་དང་ཞུ་བ་ལ་དགའ་ཞིང་ཤེས་རབ་སྒོམ་པ་ལ་མོས་པའོ། །འདི་དག་ནི་ཆོས་རྣམ་པ་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པ་ཡིན་ནོ། །