31609
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དྲིའི་གཙང་ཁང་གི་ནང་དུ་བསྟན་པའི་གཙོ་བོ་ཐུབ་པའི་དབང་པོ་ཉན་ཐོས་མཆོག་ཟུང་དང་བཅས་པ། ཇི་སྲིད་བྱམས་མགོན་མ་བྱོན་གྱི་བར་དུ་བསྟན་པ་མི་ཉམས་ཤིང་འཛིན་པར་ཞལ་གྱིས་བཞེས་པའི་འཕགས་པའི་གནས་བརྟན་བཅུ་དྲུག་བྲི། དེ་དག་གི་འབུར་སྐུ་བཞུགས་ཀྱང་ལེགས། ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ལས་སོ། །དྲི་གཙང་ཁང་ནི། གཙུག་ལག་ཁང་གི་སྦུག་ཏུ་ཡོད་པའི་ལྷ་ཁང་ལ་ཟེར། |
| Domain | ཆོས་ལུགས། |