31637

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་བ་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྟོན་པ་འདས་པའི་ལོ་ཉི་ཤུ་རྩ་བརྒྱད་རྗེས་མ་ལ་ཡའི་རི་བོ་གནམ་ལྕགས་འབར་བའི་རྩེར་དམ་པའི་རིགས་ཅན་ལྔའི་གདུང་བ་ཉེར་གསུམ་བཏོན་པའི་མཐར་སྟོན་པ་གསང་བདག་དངོས་སུ་ཞལ་བསྟན་པ་ལ་དམ་པའི་རིགས་ཅན་ལྔས་མ་ཤེས་པའི་ཚུལ་གྱིས་དྲི་བ་འདི་དྲུག་དྲིས་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྐྱེས་བུ་ཆེན་པོ་ཁྱོད་ཀྱི་ངོ་བོ་སུ་ཞིག་ཡིན། ཡུལ་གང་ནས་བྱོན་ཏེ། ཉིད་ཀྱི་ལམ་གང་ལྟར་ལས་བྱུང་བ་ལགས། རྟེན་གང་ལ་བརྟེན་ནས་བྱོན། ས་གང་དུ་བྱོན་པ་དང༌། དོན་གྱི་ཆེད་ཀ་ཅི་ཡི་ཕྱིར་དུ་བྱོན་ཞེས་དྲི་བ་དྲིས་སོ། །ཞེས་གསུངས་པའི་དྲུག་པོ་ཡིན།
Domain ཆོས་ལུགས།