31652

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་བའི་བསྙེན་རྫོགས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སློབ་མ་ལེགས་བྱིན་ཞེས་བྱ་བས་སྟོན་པ་དྲི་བས་མཉེས་པར་བྱས་པ་ཉིད་ཀྱིས་སྔ་མ་དེ་བཞིན་དུ་བསྙེན་པར་རྫོགས་སོ། །འདིའི་དྲི་བ་དང་ལན་ནི། སྟོན་པས་ལེགས་བྱིན་ཞེས་བོས་ནས། གཅིག་ཏུ་གཅེས་པ་ནི་གང་ཡིན་དྲིས་པ་ན། ཐར་པའོ། །དེ་ལ་དགོས་པ་ནི་གང་ཡིན་ཞེས་དྲིས་པ་ན། དད་པའོ་ཞེས་ཞུས་པས། དྲི་བའི་ལན་གྱིས་སྟོན་པ་མཉེས་པར་བྱས་པས་དྲི་བས་མཉེས་པ་ཞེས་བྱའོ་ཞེས་པཎ་ཆེན་ཤཱཀྱ་ཤྲིས་གསུངས་ལ། བལ་པོ་ཞི་བ་ན་རེ་སྙིགས་མ་ལྔའི་མདོ་ནས་འབྱུང་ཞེས་གསུང་ངོ་། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། །
Domain ཆོས་ལུགས།