31653
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མཆིམས་མཛོད་ལས། དེའི་ཕྱིར་མདོ་ལས་ཀྱང་དྲིས་པ་ལུང་བསྟན་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། མགོ་གཅིག་ཏུ་དྲིས་པ་ལུང་བསྟན་པ་དང༌། རྣམ་པར་ཕྱེ་སྟེ་དྲིས་པ་ལུང་བསྟན་པ་དང༌། དྲི་བ་དྲིས་ཏེ་ལུང་བསྟན་པ་དང༌། རྣམ་པར་བཞག་པ་ལུང་བསྟན་པའོ། །ཞེས་དང༌། སེར་སྨད་རྒྱལ་དབང་མཛོད་ལས། དེ་ཡང་སྤྱིར་དྲི་བའི་ལུང་དུ་བསྟན་ཚུལ་ལམ་ལན་འདེབས་ཚུལ་ལ་མགོ་གཅིག་ཏུ་ལུང་སྟོན་པ་དང༌། རྣམ་པར་ཕྱེ་ནས་ལུང་སྟོན་པ་དང༌། དྲི་བས་ལུང་སྟོན་པ་དང༌། ལུང་དུ་མ་བསྟན་པར་བཞག་པར་བྱ་བ་བཞི། ཞེས་གསུངས། |
| Domain | ཆོས་ལུགས། |