From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དྲི་མ་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
མི་གཙང་བའི་དྲི་མ་དྲུག་སྟེ། དྲི་ཆེན། དྲི་ཆུ། མིག་སྐྱག རྣ་སྤབས། མཆིལ་མ། སྣབས་བཅས་དྲུག
|
དྲི་མ་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། ཆོས་ཉན་པའི་སྐབས་ཀྱི་སྤང་བར་བྱ་བའི་སྐྱོན་དྲུག་སྟེ། ང་རྒྱལ་དང༌། མ་དད་པ། དོན་གཉེར་མེད་པ། རྣམ་པར་གཡེང་བ། རྨུགས་པ། སེམས་སྐྱོ་བ་བཅས་དྲུག
|
| Domain
|
ཆོས་ལུགས།
|
དྲི་མ་དྲུག་ (3)
| Part of speech
|
མིང་ཚིག
|
| Definition
|
མངོན་པ། མཛོད་རང་འགྲེལ་ལས། གཞན་ཡང་ཉོན་མོངས་དྲི་མ་དྲུག ། འདི་ལྟ་སྟེ། སྒྱུ་དང་གཡོ་དང་རྒྱགས་པ་དང་། །དེ་བཞིན་འཚིག་དང་ཁོན་འཛིན་དང་། །རྣམ་འཚེ། །ཞེས་གསུངས་ལ། མཛོད་འགྲེལ་མངོན་པའི་རྒྱན་ལས་ནི། དྲི་མ་བཤད་པ་ནི་མདོ་ལས་ཉོན་མོངས་པའི་དྲི་མ་རྣམ་པ་དྲུག་གསུངས་ཏེ། དེ་དག་ཀྱང་སྒྱུ་ནས་རྣམ་པར་འཚེ་བའི་བར་རོ། །འདི་དག་གི་ཡང་ངོ་བོ་ནི་བཤད་ཟིན་ལ། རྩ་བའི་ཉོན་མོངས་པ་གང་ལས་སྐྱེས་པ་ནི་སྒྱུ་དང་རྒྱགས་པ་ནི་འདོད་ཆགས་ལས་སྐྱེས་ཏེ། རྙེད་པ་ལ་སོགས་པ་ཉམས་ཀྱིས་དོགས་ནས་སྒྱུ་བྱེད་པའི་ཕྱིར་དང་རང་གི་ཆོས་ལ་ཆགས་པས་ཡིད་བདེ་བའི་ཕྱིར་རོ། །ཁོན་དུ་འཛིན་པ་དང་རྣམ་པར་འཚེ་བ་ནི་ཞེ་སྡང་གིས་ཀུན་ནས་བསླང་ནས་ཁོན་འཛིན་དང་སེམས་ཅན་ལ་རྣམ་པར་འཚེ་བ་འབྱུང་བས་ན་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ལས་སྐྱེས་ཏེ། རང་གི་ལྟ་བ་ལ་དམ་དུ་བཟུང་ནས་གཞན་ལ་འཚིག་པའི་ཕྱིར་རོ། །མདོ་ལས། གྱ་གྱུ་ཅི་ཡིན་སྡིག་ཅན་ལྟ་ཞེས་འབྱུང་བའི་ཕྱིར་གཡོ་ནི་ལོག་པར་ལྟ་བས་ཀུན་ནས་བསླང་བ་ཡིན་ཏེ། ལས་འབྲས་ལ་ལོག་པར་ལྟ་བ་དང་ལྡན་པ་སེམས་སྡིག་པ་མི་འཆགས་པར་གྱ་གྱུ་བའི་ཕྱིར་རོ། །ཞེས་གསུངས་སོ། །
|