31672
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལམ་གྱི་སྒོ་ནས་ཏིང་ངེ་འཛིན་རྣམ་པ་གསུམ་དུ་ཕྱེ་བ་དེ་དག་ཡང་རྣམ་པ་གཉིས་སུ་བསྡུས་པའི་ཡ་གྱལ་ཞིག་སྟེ། འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཏིང་ངེ་འཛིན་ཡིན་ལ། དེ་ཡང་ས་ནི་ཟག་མེད་ཀྱི་ལམ་གང་ན་ཡོད་པའི་ས་འདོད་པ་དང་སྲིད་རྩེ་དང་བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་བདུན་མ་གཏོགས་པ་ཟག་མེད་ས་དགུ་ན་ཡོད་དོ། །ཟག་པ་མེད་པའི་ཏིང་ངེ་འཛིན་རྣམས་ནི་ཐར་པའི་སྒོ་ཡིན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་དུ་རྣམ་པར་བཞག་གོ ། |
| Domain | ཆོས་ལུགས། |