31677
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། དང་པོ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གླེང་གཞིའི་ལེའུ། གཉིས་པ། ཐབས་མཁས་པ་བསམ་གྱིས་མི་ཁྱབ་པའི་ལེའུ། གསུམ་པ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཏང་བར་རྨས་པའི་ལེའུ། བཞི་པ། ན་བ་ཡང་དག་པར་དགའ་བར་བྱ་བའི་ལེའུ། ལྔ་པ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ། དྲུག་པ། ལྷ་མོའི་ལེའུ། བདུན་པ། དེ་བཞིན་གཤེགས་པའི་རིགས་ཀྱི་ལེའུ། བརྒྱད་པ། གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་པའི་ལེའུ། དགུ་པ། སྤྲུལ་པས་ཞལ་ཟས་བླངས་པའི་ལེའུ། བཅུ་པ། ཟད་པ་དང་མི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་རྫོངས་ཀྱི་ལེའུ། བཅུ་གཅིག་པ། དེ་བཞིན་གཤེགས་པ་མི་འཁྲུགས་པ་བསྟན་པའི་ལེའུ། བཅུ་གཉིས་པ། སྔོན་གྱི་སྦྱོར་བ་དང་། དམ་པའི་ཆོས་གཏད་པའི་ལེའུ་བཅས་ལེའུ་བཅུ་གཉིས་ཡོད་པའི་མདོ་འདི་ལོཙྪ་བ་བན་དེ་ཆོས་ཉིད་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། |