31701

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་མེད་འོད་གསལ་གླིང་པ་ (1)
Part of speech མིང་ཚིག
Definition ཐུབ་བསྟན་རྒྱལ་མཚན་འོད་ཟེར་གྱི་སྐུ་མཆེད་གཏེར་སྟོན་དྲི་མེད་འོད་གསལ་གླིང་པའང་འཁྲུལ་ཞིག་བཅོམ་ལྡན་རྡོ་རྗེ་དང༌། ཛཿཀ་ཀུན་བཟང་རྣམ་རྒྱལ་སོགས་བླ་མ་མང་པོ་ལས་ཀློང་གསལ་རྡོ་རྗེ་སྙིང་པོ་སོགས་ཀྱི་ཟབ་ཆོས་རྒྱ་ཆེར་གསན། ས་གཏེར་དང་དག་སྣང་དགོངས་གཏེར་སྙན་བརྒྱུད་སོགས་ཀྱི་གཏེར་ཆོས་པོད་དྲུག་ཙམ་བཞུགས། ཀཿཐོག་བར་ཁྲོད་དུ་གཟིམ་ཁང་གསར་དུ་བརྒྱབ་སྟེ་ལོ་མང་པོ་བཞུགས། སྐུ་ཚེའི་སྨད་ལ་རང་སྲས་བདེ་ཆེན་རྣམ་རྒྱལ་ལུང་བྱང་བཞིན་རཀ་ཆབ་སེང་རི་རྡོ་རྗེ་གཡུ་རྫོང་དུ་སྒྲུབ་སྡེ་གསར་དུ་བཏབ་ནས་དེར་བཞུགས། སྔ་འགྱུར་བཀའ་གཏེར་སྤྱི་དང་ཀཿཐོག་པའི་སྙན་བརྒྱུད་གདམས་པའི་སྲོལ་རྒྱུན་མི་ནུབ་པའི་རྒྱལ་མཚན་འཛུགས། རིགས་སྲས་པདྨ་ཐུགས་རྗེའི་དབང་ཕྱུག་ཡང་སི་ཏུ་རྡོ་རྗེ་འཆང་གིས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཕྲིན་ལས་ཀྱི་རོལ་གར་དུ་ངོས་འཛིན་ནས་ཀཿཐོག་གི་སྤྲུལ་སྐལ་དུ་མངའ་གསོལ། མདོ་སྔགས་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་གཏེར་དག་སྣང་གསུམ་ལ་གསན་སྦྱོང་མཐར་ཕྱིན་པས་སྨིན་གྲོལ་འཆད་སྤེལ་དང༌། གཏེར་ཆེན་བདུད་ཀློང་གཉིས་ཀྱི་གཏེར་ཆོས་ཡོངས་རྫོགས་སྤར་དུ་བཞེངས་པ་སོགས་མཛད་ཕྲིན་ཤིན་ཏུ་དར་རྒྱས་ཆེའོ། །ཁྱད་པར་བླ་མ་ཡེ་ཤེས་རྡོ་རྗེ་དང༌། ཀུན་མཁྱེན་སི་ཏུ་རིན་པོ་ཆེ། མཁན་ཆེན་ངག་དགའ་སོགས་ཀྱི་ཐུགས་སྲས་རྫོགས་ཆེན་གྱི་རྣལ་འབྱོར་པ་ཁྲ་སྐྱ་བླ་མ་དཔལ་ལྡན་ཡེ་ཤེས་རིན་པོ་ཆེ་འདི་སྐབས་སྒྲུབ་སྡེ་དེར་བཞུགས་ནས། ཀཿཐོག་པའི་གཞི་བྱེས་གཉིས་ཀྱི་བླ་གྲྭ་རྣམས་ལ་ཀློང་གསལ་དང་སྙིང་ཐིག་སོགས་གང་འདོད་ཀྱི་ཞལ་ཁྲིད་སྔོན་འགྲོ་དང་རྩ་རླུང་དངོས་གཞི་ཁྲེགས་ཆོད་གཉིས་ཀྱི་གདམས་པས་རྗེས་སུ་འཛིན་སྟེ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་གཅིག་པུ་ཉིད་དུ་གྱུར་ཏོ། །

{{#arraymap:དྲི་མེད་འོད་གསལ་གླིང་པ་

|; |@@@ | | }}