31722

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་ཟ་མའི་མངལ་དུ་འཇུག་པར་འདོད་པའི་ཡང་དག་མ་ཡིན་པའི་འདུ་ཤེས་བཅུ་ (1)
Part of speech མིང་ཚིག
Definition འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། དྲོ་བའི་འདུ་ཤེས། ཉི་མའི་འདུ་ཤེས། རླུང་གི་འདུ་ཤེས། ཆར་གྱི་འདུ་ཤེས། རྫི་ཆར་གྱི་འདུ་ཤེས། གྲང་བའི་འདུ་ཤེས། ཡུལ་ངན་གྱི་འདུ་ཤེས། རླུང་དམར་གྱི་འདུ་ཤེས། ཆར་ཤུལ་གྱི་འདུ་ཤེས། སྐྱེ་བོ་ཕལ་པོ་ཆེ་ཀུ་ཅོ་འདོན་པའི་འདུ་ཤེས་སོ། །
Domain ཆོས་ལུགས།
དྲི་ཟ་མའི་མངལ་དུ་འཇུག་པར་འདོད་པའི་ཡང་དག་མ་ཡིན་པའི་འདུ་ཤེས་བཅུ་ (2)
Part of speech མིང་ཚིག
Definition བདག་ཁྱིམ་དུ་འཇུག་གོ་སྙམ་པ། ཁང་བཟང་ལ་འཛེག་གོ་སྙམ་པ། ཁང་པ་བརྩེགས་མར་འཇུག་གོ་སྙམ་པ། ཁྲི་ལ་འཛེག་གོ་སྙམ་པ། རྩྭ་སྤྱིལ་དུ་འཇུག་གོ་སྙམ་པ། ལོ་མའི་སྤྱིལ་པོར་འཇུག་གོ་སྙམ་པ། རྩྭ་སྟུག་པོའི་དྲུང་དུ་འགྲོའི་སྙམ་པ། ནགས་ཐིབས་པོའི་དྲུང་དུ་འགྲོའོ་སྙམ་པ། རྩིག་པའི་གསེབ་ཏུ་འགྲོའོ་སྙམ་པ། རྩིག་པའི་དྲུང་དུ་འགྲོའོ་སྙམ་པའོ། །