31743

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་འཛིན་དབང་མངོན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དྲི་འཛིན་དབང་མངོན་ཞེས་པ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་སྣ་བའི་དབང་པོ་དང། རང་གི་དམིགས་རྐྱེན་དུ་གྱུར་བའི་དྲི་ལ་བརྟེན་ནས་སྐྱེས་པའི་སྣ་ཤེས་སུ་གྱུར་པའི་མངོན་སུམ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་སྣ་ཡི་དབང་པོ་དང། རང་གི་དམིགས་རྐྱེན་གྱུར་བའི་དྲི་ལ་བརྟེན་ནས་སྐྱེས་པ་གང་ཞིག རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ། དྲི་འཛིན་དབང་མངོན་གྱི་མཚན་ཉིད། ཅེས་རིགས་འདྲའི་སྒོ་ནས་གསུངས་སོ། །
Domain ཆོས་ལུགས།