31749
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་ཡེ་སངས་ལྕམ་བརྒྱད་ཀྱི་ནང་ཚན་ཡིན་ལ། མཚན་གཞན་ལ་སྐབས་འགར་སྤོས་ཀྱི་ལྷ་མོ་ཞེས་གསལ། གནས་ནི་དཀྱིལ་འཁོར་ལྷོ་ནུབ་ཕོ་བྲང་གླིང་ཆེན་གྱི་ནུབ་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི་པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དམར་མོ་རྒྱན་དང་ལྡན་པ་དབུ་ལ་གསེར་གྱི་ཐོར་གཙུག་ཅན། སྐུ་ལ་ལེ་བརྒན་ན་བཟའ་ལ་སྤྲིན་དང་གཞའ་ཚོན་ཡོངས་སུ་གཏིབ་པ། ཕྱག་མཚན་དྲི་ཞིམ་སྤོས་མེ་བསྣམས་པ་ཞིག་གོ ། ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་འགྲོ་བ་རྣམས་ཉོན་མོངས་སྡུག་བསྔལ་གྱི་ནད་ལས་གསོ་ཞིང་བདེར་གཤེགས་རྣམས་ཐུགས་དམ་བསྐུལ་བར་མཛད་དོ། ། ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་སང་ངེ་འདུ་འདུ་འདྲེན། ཞེས་པའམ་འདྲེན་འདི་ཉིད་དོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། སང་ངེ་ནི་དབྱིངས། འདྲེན་ནི་ལྷ་མོ་འདི་ཉིད་དུ་མཚོན་པའོ། །ཡིག་འབྲུའི་གནས་ཡུལ་ནི། ལིག་ཞི་མུར་ཞེས་པ་ཞང་སྐད་དེ་སྣ་རྩ་ལ་གནས་སོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། གོང་གསལ་གསང་འདུས་ལྟར་ལྷ་ཡབ་ཡུམ་སྦྱོར་ཚུལ་དེའི་དབང་དུ་བྱས་ན། རྟོགས་ན་ཀུན་ཚོར་ཡེ་ཤེས་དབྱིངས་སུ་དག་པ་དང་མ་རྟོགས་ན་སྒྱུ་མའི་དྲི་རུ་འཁྲུལ་ལ། གྲོལ་ན་འོད་མ་རང་གསལ་དང་ངད་(ལྡན་)ལྷ་མོ་དང་གཉིས་སུ་མེད་པར་འགྱུར་ལ། མ་གྲོལ་ནའང་སྒྱུ་མ་སྣ་རུ་ཤར་བར་གསུངས་སོ། ། ཞི་རྒྱུད་ལས་འདི་ལ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་མ་གསལ་ཡང་། གསང་འདུས་དང་ཐོས་གྲོལ་གཉིས་ལས་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་ཀྱང་དེ་གཉིས་ལས་ཡབ་ཡུམ་སྤྱར་ཚུལ་ལ་མ་མཐུན་པ་ཡོད་འདུག་པས། ཐོས་གྲོལ་ལྟར་ན་ཡེ་གཤེན་སེམས་དཔའ་བརྒྱད་ཀྱི་ནང་གསེས་གཙུག་གཤེན་རྒྱལ་བའི་ཕྱག་རྒྱའི་ཡུམ་ཡིན་ལ། གསང་འདུས་ལྟར་ན་འབྱུང་བའི་གཤེན་བཞིའི་ནང་གསེས་ཁྲི་རྨང་གཤེན་ཆེན་ནམ་ཁྲི་རྨང་རྒྱལ་བའི་ཕྱག་རྒྱའི་ཡུམ་ཡིན་པར་གསུངས་སོ། ། |
| Domain | ཆོས་ལུགས། |