From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དྲིན་ལན་བསབ་པར་ནན་ཏན་བྱེད་པ་རྣམ་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་བྱུང་བ་སྟེ། ཆོས་ལ་གནས་ཀྱི་གང་ཟག་གི་རྗེས་སུ་མི་གནས་པ། དོན་ལ་གནས་ཀྱི་ཡི་གེའི་རྗེས་སུ་མི་གནས་པ། ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པའི་རྗེས་སུ་མི་གནས་པ། ངེས་པའི་དོན་གྱི་མདོ་སྡེ་ལ་གནས་ཀྱི་བཀྲི་བའི་དོན་གྱི་མདོ་སྡེ་ལ་མི་གནས་པའོ། །
|
| Domain
|
ཆོས་ལུགས།
|
དྲིན་ལན་བསབ་པར་ནན་ཏན་བྱེད་པ་རྣམ་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
བྱམས་པ་བསྒོམས་པའི་རྐྱེན་གྱིས་སེམས་ཅན་སྡིག་པ་ཅན་དག་མཐོང་ན། བྱམས་ཤིང་སྙིང་བརྩེ་བའི་སེམས་བསྐྱེད་པ། སྙིང་རྗེ་བསྒོམས་པའི་རྐྱེན་གྱིས་སྡུག་བསྔལ་བའི་སེམས་ཅན་མཐོང་ན་མི་སྐྱོ་བར་ལྟ་ཞིང་མི་གཏོང་བ། དགའ་བ་བསྒོམས་པའི་རྐྱེན་གྱིས་སློབ་དཔོན་དང་། བླ་མ་དང། ཕ་མ་དང། ཡོན་ཏན་དང་ལྡན་པ་རྣམས་མཐོང་ན། དགའ་སེམས་སྐྱེད་པ། བཏང་སྙོམས་བསྒོམས་པའི་རྐྱེན་གྱིས་དགྲར་གྱུར་པའི་སེམས་ཅན་མཐོང་ན། ཞེ་སྡང་གི་སེམས་མི་སྐྱེད་པའོ། །
|