From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁ་འབར་བ་ (1)
| Part of speech
|
མིང་ཚིག
|
| Definition
|
ཚིག་རྩུབ་བམ་སྐད་ཆ་རྩུབ་པོ་བཤད་པའི་དོན་ལ་འཇུག་སྟེ།
|
| Example
|
ཁོང་ཁྲོའི་དབང་གིས་ཁ་འབར་བ་ལྟ་བུ།
|
ཁ་འབར་བ་ (2)
| Part of speech
|
མིང་ཚིག
|
| Definition
|
དུས་ཡུན་ཐུང་ངུའི་ནང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པའམ་ཕྱུག་པོ་ཆགས་པ་སྟེ།
|
| Example
|
ནང་མི་ཚང་མས་དཀའ་ལས་བརྒྱབ་ནས་ཁྱིམ་ཚང་གི་དཔལ་འབྱོར་ཁ་འབར་བ་ལྟ་བུ།
|
ཁ་འབར་བ་ (3)
| Part of speech
|
མིང་ཚིག
|
| Definition
|
སྐད་ཆ་ཤོད་པར་སྨྲ་ལྕེ་བདེ་ཞིང་མང་པོ་ཤོད་པའི་དོན།
|
| Example
|
མི་ཁ་འབར་བའི་ངག་ལ་དེ་ཙམ་ཡིད་ཆེས་མེད་ལྟ་བུ།
|