31948

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲེགས་པ་ཅན་རྣམས་ཁྱི་སྙིང་འཁྲུད་མ་ལ་ཆགས་སུ་གཞུག་པའི་ཐབས་ཀྱི་མན་ངག་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དྲེགས་པ་ཅན་རྣམས་ཁྱི་སྙིང་འཁྲུད་མ་ལ་ཆགས་སུ་གཞུག་པའི་ཐབས་ཀྱི་མན་ངག་རྣམ་པ་བཞི་ནི། བཀའ་བརྒྱད་རྣམ་བཤད་ལས། འཇིག་རྟེན་མཆོད་བསྟོད་ཀྱི་བསྒྲུབ་པའི་ཁོང་སྙིང་བྲུས་ནས་དྲེགས་པ་ཅན་རྣམས་ཁྱི་སྙིང་འཁྲུད་མ་ལ་ཆགས་སུ་གཞུག་པའི་ཐབས་ཀྱི་མན་ངག་རྣམ་པ་བཞི་བཤད་དེ། འཇིག་རྟེན་པ་ཐམས་ཅད་ལྷ་མ་སྲིན་སྡེ་བརྒྱད་དུ་བསྡུས་ཏེ་བཤད་པ། མཆོད་ཐབས་ཐམས་ཅད་གསོལ་ཁ་བརྒྱད་དུ་བསྡུས་ཏེ་བཤད་པ། བརྟེན་ཐབས་ཐམས་ཅད་བརྟེན་ཐབས་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པ། སྒྲུབ་ཐབས་ཐམས་ཅད་སྒྲུབ་ལུགས་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པའོ། །ཞེས་གསུངས།
Domain ཆོས་ལུགས།