31951

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲེགས་པ་བཅུས་དྲེགས་པར་མི་འགྱུར་བའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་བཞི་པ་སྒྲུབ་པའི་མདོ་ལས་བྱུང་བ་སྟེ། ཚུལ་ཁྲིམས་ཀྱིས་དྲེགས་པ། ཐོས་པས་དྲེགས་པ། སྤོབས་པས་དྲེགས་པ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པས་དྲེགས་པ། དགོན་པར་གནས་པས་དྲེགས་པ། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པས་དྲེགས་པ། གཟུགས་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། གཡོག་འཁོར་གྱིས་དྲེགས་པ། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་བསྙེན་བཀུར་བྱེད་པས་དྲེགས་པ། བསམ་གཏན་དང་། མངོན་པར་ཤེས་པས་དྲེགས་པ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དང་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་འདོད་པ་དང་། བསྟོད་པ་དང་། བསྔགས་པར་བྱེད་པ་དེས་ཀྱང་སྙེམས་པ་མེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་དྲེགས་པ་བཅུ་པོ་དེ་དག་གིས་མི་སྙེམས། རབ་ཏུ་མི་སྙེམས་སོ། །
Domain ཆོས་ལུགས།