31965
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐུ་འབུམ་ལྷ་སྡེ་དྲེད་ཁོག་འབྲོག་སྡེ་རུ་འཁྲུངས། འཁྲུངས་ལོ་མི་གསལ། སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། བཀའ་པོད་ལྔ་ལ་ཐོས་བསམ་མཛད། རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། གསང་སྔགས་གཞུང་ལ་སྦྱངས་པ་གནང་། གྲུབ་དབང་རྡོ་རྗེ་འཆང་གི་དྲུང་ལས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ཀྱི་མན་ངག་མནོས། ལོ་གསུམ་རིང་བསྙེན་ཆེན་སྦྱོར་དངོས་རྗེས་གསུམ་ཚང་བར་ཐོན། རྒྱུད་པའི་བླ་མ་དབུ་མཛད་གནང་། རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ཕྱི་ལོ་ ༡༨༧༠ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ཕྱི་ལོ་ ༡༨༨༦ ལོར་སྐུ་གཤེགས། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ཞེ་དྲུག་པ་ཡིན། |