32048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲོད་ཆུང་ (1)
Part of speech རྒྱན་ཚིག
Definition ཚ་བ་ཆེན་པོ་མེད་པའམ་ཚ་དྲོད་ཆུང་ངུའི་དོན།
Example ཆར་བ་བབས་ན་གནམ་གཤིས་དྲོད་ཆུང་ཡང་སྐྱིད་ལྟ་བུ།
དྲོད་ཆུང་ (2)
Part of speech རྒྱན་ཚིག
Definition གདེང་ཚོད་དེ་ཙམ་མེད་པའམ་ཆུང་བའི་དོན་ཏེ།
Example དྲོད་ཆུང་གིས་ལས་ཀ་མི་འགྲུབ་ལྟ་བུ།
དྲོད་ཆུང་ (1)
Part of speech མིང་ཚིག
Definition ཉམས་མྱོང་མེད་པའམ་རྒྱུས་མེད་མཁན་གྱི་མི།
དྲོད་ཆུང་ (2)
Part of speech མིང་ཚིག
Definition ལས་དོན་ཆུང་ངུའམ་རྒྱུ་དངོས་ཅུང་ཟད་ཐོབ་པ་ཙམ་གྱིས་དགའ་མགུ་སླ་བའི་མི།
དྲོད་ཆུང་ (3)
Part of speech མིང་ཚིག
Definition རང་ཚོད་འཛིན་མི་ཤེས་པའི་མིང་སྟེ། དབྱངས་ཅན་དགའ་བློའི་བརྡ་དཀྲོལ་ལས། དྲོད་ཆུང་ནི་རང་ཚོད་མི་ཤེས་པའི་མིང་སྟེ་ཚོད་བཟུང་བ་ལ་དྲོད་བཟུང་བ་ཞེས་འབྱུང་ངོ༌། །ཞེས་གསུངས།
Example ས་སྐྱ་ལེགས་བཤད་ལས། དྲོད་ཆུང་ཁ་ཡིས་དགྲ་བོ་འདུལ། །རྒྱང་ནས་མཐོང་ན་ཅ་ཅོ་འབྱིན། །འཐབ་སར་ཕྲད་ན་ཐལ་མོ་སྦྱོར། །རང་ཁྱིམ་སླེབས་ན་ང་རྒྱལ་སྨྲ། །ཞེས་དང་། ཤེས་ལྡན་དགྲ་ལ་མིག་བསྲིངས་པས། །ཐ་མར་དགྲ་བོ་དབང་དུ་སྡུད། །དྲོད་ཆུང་དགྲ་ལ་ལན་བྱས་པས། །དཀའ་བ་རྒྱུན་མི་འཆད་པ་ཐོབ། །ཅེས་གསུངས་པ་ལྟ་བུ།