32115
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། དྲྭ་བ་བཞིའི་ཡ་གྱལ་ཏེ། དབུ་མ་པའམ་ཐུན་མོང་གི་ས་བཅུ་པ་མན་གྱི་བྱང་སེམས་རྒྱུད་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་རང་རིག་བདེན་པ་གཉིས་མེད་རྩལ་བ་དང་བྲལ་བ་མཐོང་བ་ལ་བགེགས་སུ་གྱུར་པའི་སྒྲིབ་པ་ཞིག་ལ་གོ་བར་སྣང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། དབུ་མ་པ་འདུ་ཤེས་གཅིག་པ་རྣམས་ཁོ་ན། ཞེས་དང་། གང་དོན་དམ་པ་ཕྱོགས་གཅིག་པའི་སྤྲོས་བྲལ་ལ་འདུ་ཤེས་དམིགས་པས་མཐའ་སེལ་ཞིང་མི་རྟོག་པས་དྲྭ་བ་གཅིག་པ་སྟེ་གཉིས་མེད་མ་མཐོང་བའི་ཕྱིར་ནའོ། །ཞེས་དང་། ས་བཅུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཐམས་ཅད་ནས་ཐམས་ཅད་དུ་དུས་སྔ་ཕྱིར་སེམས་ཀྱི་དེ་ཁོ་ན་ཉིད་རང་རིག་པ་དོན་དམ་པའི་བདེན་པ་ལ་རྒྱུའི་མཚན་ཉིད་འབའ་ཞིག་ཙམ་དུ་ཤེས་ཤིང་མཐོང་བས་མཉམ་པར་འཇོག་པ་ཡོད་དེ་བདེན་པ་རེས་མོས་སུ་གྱུར་པར་ཟད་ཀྱི། གཉིས་མེད་ཀྱི་དོན་བཙལ་བ་དང་བྲལ་བར་མ་མཐོང་བས་འབྲས་བུ་ཉིད་ཡོངས་སུ་མི་ཤེས་སོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |