32165

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྷརྨ་ཀིརྟི་ཐུབ་བསྟན་ཆོས་ཀྱི་གྲགས་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་སྟོད་དུ་ཁམས་མི་ཉག་གི་ཡུལ་དུ་སྐུ་འཁྲུངས། །གཞོན་དུས་ནས་རབ་བྱུང་བསྒྲུབས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་བཤེས་གཉེན་དུ་མ་ལས་གཞུང་ལུགས་རྣམས་ལ་ཐོས་བསམ་མཛད། འདུལ་བའི་བསླབ་གཞི་རྫོགས་པར་གསན། བྱང་སྡོམ་སྐོར་ལ་སྦྱངས། སྐུ་ཚེ་ཕལ་ཆེ་བར་དགོན་སྡེ་དང་། དབེན་པའི་གནས་སུ་བཞུགས། བྱང་ཆུབ་སེམས་དཔའི་སྤྱོད་པར་ཉམས་ལེན་མཛད། སློབ་མའི་གཙོ་བོ་ནི་འཇམ་དབྱངས་བློ་གཏེར་དབང་པོ་ཡིན། གསུང་རྩོམ་ནི་འདུལ་བ་དང་། བློ་སྦྱོང་། སྤྱོད་འཇུག་འགྲེལ་བ་བཅས་ཆོས་ཚན་བཅུ་བཞི་པོད་གསུམ་དུ་བསྡུས་པའི་ཤིང་པར་སྡེ་དགེའི་པར་ཁང་དུ་བཞུགས།

{{#arraymap:དྷརྨ་ཀིརྟི་ཐུབ་བསྟན་ཆོས་ཀྱི་གྲགས་པ་

|; |@@@ | | }}