32168

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྷརྨ་ཏཱ་ཤྲཱི་ལ་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་དཀྱིལ་དུ་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ཡུམ་བསྡུས་པ་བརྒྱད་སྟོང་པ་བམ་པོ་ཉི་ཤུ་རྩ་བཞི་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའི་ལེའུ། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་ལེའུ་བམ་པོ་གསུམ་པ། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམས་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ། འཕགས་པ་སོར་མོའི་ཕྲེང་བ་ཅན་ལ་ཕན་པའི་མདོ། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས་ཕྱག་འཚལ་བའི་ཆོ་ག་དང་མཚན་ནས་བརྗོད་པའི་གླེང་གཞི་མེ་ཏོག་གི་ཚོགས་བཅས་བཞུགས། མཚན་གཞན། ཆོས་ཉིད་ཚུལ་ཁྲིམས།