32176
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ལྕགས་ཡོས་ཕྱི་ལོ་ ༡༣༥༡ ལོར་ས་སྐྱར་ཡབ་ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་དང་། ཡུམ་མ་གཅིག་སྲས་སྐྱབས་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་བདག་ཆེན་ཀུན་དགའ་རིན་ཆེན་དང་། ས་བཟང་མ་ཏི་པཎ་ཆེན་གཉིས་ལས་རབ་ཏུ་བྱུང་། ཆོས་རྗེ་གཟུངས་པ་ལས་ཡབ་མེས་ཀྱི་བཀའ་ཆོས་རྣམས་གསན། བསོད་ནམས་དཔལ་བ་ལས་ཚད་མ་རྣམ་འགྲེལ་གཙོས་མདོ་སྔགས་གཉིས་ཀྱི་གཞུང་ལུགས་ལ་སྦྱངས། གདན་ས་ཆེན་པོ་ནས་ཚོགས་ཆོས་ཡང་ཡང་གསུངས། ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཆེན་པོ་ཧུན་ཨུས་ཡོན་རྒྱལ་རབས་ཀྱི་ལུགས་སྲོལ་ལྟར་གུ་ཤྲཱིའི་ཆོ་ལོ་དང་གསེར་དམ་ཕུལ་། ཁམས་ཕྱོགས་སུ་ཕེབས། གདུལ་བྱ་རྣམས་ལ་ཆོས་འཁོར་བསྐོར། ཞེ་དྲུག་པ་རབ་བྱུང་བདུན་པའི་མེ་བྱི་ཕྱི་ལོ་ ༡༣༩༦ ལོར་ས་སྐྱའི་བླ་བྲང་ཁང་གསར་དུ་སྐུ་གཤེགས། |