3221

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཡན་ནང་སྡེབ་ (1)
Part of speech མིང་ཚིག
Definition བརྩི་བྱ་སོ་སོ་སྐྱེས་དུས་ཀྱི་གནམ་ལོ་སྟེ། དཀྱུས་མ་ལོ་ནི་ཁ་ཡན་ལོ་བཅུ་གཉིས་ལ་གཏོགས་པའི་བུ་བུ་མོ་ཕན་ཚུན་གཉེན་སྒྲིག་བྱེད་པ་ལ་ཟེར་བ་ཡིན། སྤྱིར་མག་བག་དེ་རིགས་ལ་ཕན་ཚུན་སྐྱ་ཡར་བསྟེན་པའི་མཐུན་སྦྱོར་གཉེན་ལམ་མེད་པས་བཟའ་སྒྲིག་བྱ་མི་རུང་བར་སྤང་དགོས། གལ་ཏེ་མ་སྤངས་པར་ཆང་ས་བརྒྱབ་ན། བུས་པ་ཞ་འཐེང་འོན་དིག་དང་ལྦ་བ་ཅན་སྐྱེས་པའམ། ཡང་ན་ཕ་མ་ཡ་བྲལ་འབྱུང་ཞིང་མཐར་རབས་ཆད་པས། བཅོས་སུ་བྱ་ཁྱུང་གཤོག་བྱང་མདོས་དང་དཀོན་མཆོག་བརྩེགས་པ་གདོན་དགོས། དེ་ལྟའི་གཉེན་སྡེབ་ནི་མག་པ་ལྕགས་སྤྲེལ་ལོ་པ་ཡིན་པར་ཆ་བཞག་ན། ཆུང་མར་བསུ་རྒྱའི་བག་མ་དེ་ཤིང་སྟག་ལོ་མ་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག