3223
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རྒན་དྲུག་ཅུ་པོ་སྲོག་དབང་གཉིས་ཀའི་ཁམས་ཀྱི་འབྲེལ་བ་ལ་བརྟེན་ནས་ཁག་ལྔར་བསྡུས་པའི་ནང་གསེས་ཤིག་སྟེ། དབང་ཁམས་དང་སྲོག་ཁམས་གཅིག་པ་ཡིན་པའི་ལོ་དག་ལ་ཟེར་བ་ཡིན། ལོ་འགྲོས་བཅུ་གཉིས་ལ་ལྟོས་པའི་དེ་ལྟའི་ལོ་བཅུ་གཉིས་ཡོད་པ་ནི་ཤིང་གི་སྟག་ཡོས་དང་། མེ་ཡི་རྟ་སྦྲུལ། ས་ཡི་གཤེད་བཞི། ལྕགས་ཀྱི་བྱ་སྤྲེལ། ཆུ་ཡི་བྱི་ཕག་བཅས་ཡིན་ཞིང་། དེ་དག་ལས་གང་ཞིག་གནམ་ལོར་ཤར་བའི་སྟེང་དུ་སྐྱེས་པའི་བརྩི་བྱ་དག་ལ་སྤྱིར་དར་གུད་གང་སྟོང་ཤིན་ཏུ་ཆེ་ཞིང་ཡུལ་འཕོ་སྐྱས་བྱེད། འགྲངས་ལྟོགས་མགར་བའི་སྦུད་པ་འདྲ། ཚེ་སྟོད་ལུས་ཀྱི་ཁ་རྗེ་ཆུང་། མི་ཚེར་སྐྱིད་སྡུག་སྣ་མང་འོང་། གྲིར་ཤིའི་འདྲེ་དང་ས་བདག་གནོད། ཞོ་ཆང་བཏུང་བར་དཀའ། བུ་ཚ་ཆད་ལྷག་གཉིས་གསུམ་འོང་བས། བཟློག་པའི་རིམ་གྲོར་སོ་འབྲང་དང་། གཟུངས་བསྡུས། གཡང་འགུགས་བཅས་བྱ་དགོས། བྱེ་བྲག་ཏུ་སྲོག་ཁམས་དང་གཅིག་པའི་དབང་ཁམས་དེ་འབྱུང་བ་ལྔ་ལས་གང་ཡིན་ལ་བལྟས་ཏེ་ཁ་ཡན་ལོ་བཅུ་གཉིས་པོ་ཡང་ཕ་ཁུའི་ཁ་ཡན་དང་། བཟའ་ཚང་གི་ཁ་ཡན། མ་ཕྱིའི་ཁ་ཡན། ཞང་གཉེན་གྱི་ཁ་ཡན། བུ་ཚའི་ཁ་ཡན་བཅས་ཁག་ལྔར་བསྡུས་པ་ལ་རང་འབྲས་རེ་ཡོད་པ་ཡིན། |
| Domain | རྩིས་རིག |