32267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྷཱིཿཁྱིམ་དང་པོ་བླ་མ་བསོད་ནམས་དགེ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་མེ་འབྲུག་ ཕྱི་ལོ་ ༡༥༥༦ ལོར་འཁྲུངས། དགུང་ལོ་ཉེར་གཅིག་ལ་ཀརྨ་བསྟན་འཕེལ་གྱི་མཚན་ཐོས་ནས་གདམས་པ་གསན། ནང་ཆེན་ཚེ་ནེ་དགོན་པ་ཕྱག་བཏབ་པར་བཤད། དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ནང་དུ། འདི་ཀརྨ་བསྟན་འཕེལ་དང་དགུང་གྲངས་བདུན་ལས་སྔ་ཕྱི་མེད་པས་སྔ་བའི་སྐྱོན་ཡོད་པར་བཤད་འདུག་པས། ཀརྨ་བསྟན་འཕེལ་འཁྲུངས་ལོ་རབ་བྱུང་བཅུ་པའི་ས་སྦྲུལ་ ༡༥༦༩ ལོར་ཡིན་ན། ལོ་བཅུ་གསུམ་ཙམ་གྱི་སྔ་ཕྱི་ཡོད་འདུག