32273
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དྷཱིཿ ཁྱིམ་ལྔ་པ་ཀརྨ་ཆོས་ཀྱི་བློ་གྲོས་མཆོག་ནི། རྫ་སྟོད་དགེ་རྒྱས་ས་ཆར། ཡབ་ཀར་ཚེ་དང༌། ཡུམ་བོ་ཡག་གི་སྲས་སུ། རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ ༡༧༣༦ ལོར་འཁྲུངས། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་བཟུང་སྟེ། དགུང་ལོ་བཞི་ལ་ཁྲིར་གསོལ་མཛད། དབུས་སུ་བྱོན་ནས་བཅུ་གཉིས་ལ་ཡོངས་འཛིན་འཇམ་དཔལ་དཔའ་བོའི་མདུན་རབ་ཏུ་བྱུང༌། དེར་ལོ་མང་རིང་རང་ལུགས་ཆོས་སྐོར་རྣམས་གསན་བསམ་མཛད་དེ། སླར་ཁམས་སུ་ཕེབས། དེ་ནས་མཁའ་འགྲོ་མ་དམར་མོ་རུས་པའི་རྒྱན་ཅན་ཞིག་གིས་ལུང་བསྟན་བྱུང་བ་ལྟར། སྔར་གྱི་གདན་ས་ཚེ་ནེ་དགོན་ནས་རྩི་རག་གཉིས་ཀྱི་བར་དྷིཿཁྱིམ་རོང་དུ་བྱོན། ས་ལ་དྷིཿཡིག་རང་བྱོན་ཡོད་པའི་རིགས་གསུམ་མགོན་པོའི་གནས་མཆོག་དེར་དགོན་པ་གསར་དུ་ཕྱག་བཏབ། མཚན་ཡང་དྷིཿའབྲུག་དགོན་བསམ་གཏན་ཆོས་འཁོར་གླིང་ཞེས་གསོལ། ལོ་གསུམ་གྱི་རིང་ལྷ་ཁང་དང་གྲྭ་ཁང་སོགས་ཕལ་ཆེར་གྲུབ། དད་ལྡན་སློབ་ཚོགས་མང་དུ་འདུས་པ་རྣམས་ཚུལ་བཞིན་བསྐྱངས། གཙོ་བོར་རང་ལུགས་ཀྱི་གདམས་པ་ཉམས་བཞེས་ཀྱིས་དུས་འདའ་བར་མཛད་དེ། མཐར་དགུང་གྲངས་ང་གཅིག་མེ་རྟ་ ༡༧༨༦ ལོར་གཤེགས་སོ། ། |