32304
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱའི་ལོ་རྒྱུས་རྒྱ་ནག་ཆོས་འབྱུང་གཞི་བཟུང་སྟེ་བཀོད་པ། དྷི་དང་པོ། ཞེའུ་ཧོའུ་ཀིན་ཐི་ཡན། ཧུའུང་དྷིས་ཀྱི་བུ་གཉིས་པ་སྟེ། ལོ་བརྒྱད་ཅུར་སྲིད་བཟུང་ལོ་བརྒྱ་ཐམ་པར་འདས། དྷི་གཉིས་པ། ཐུའུན་ཥྱའི་ཀའུ་ཡང་ཞི་དྷི་དང་པོའི་བུ་ཆེ་པ་ཋང་ཡི་ཞེས་བྱ་བའི་བུ་འདིས་ལོ་བདུན་ཅུ་རྩ་བརྒྱད་སྲིད་བཟུང་ནས་ལོ་གོ་བདུན་པར་འདས། དྷི་གསུམ་པ། དྷི་ཀུ་ཀའུ་སིན་ཞི། དྷི་དང་པོའི་ཚ་བོ་ལོ་བདུན་ཅུར་སྲིད་བཟུང་ནས། ལོ་བརྒྱ་དང་ལྔ་ལ་འདས། དེ་རྗེས་དེའི་བུ་དྷི་ཁིས་རྒྱལ་སྲིད་བཟུང་བར་ལུགས་དང་མཐུན་པར་མ་བྱས་པས་རྒྱལ་ཕྲན་རྣམས་དང་མི་དམངས་གྲོས་མཐུན་གྱིས་ཁྲི་ལས་ཕབས། དྷི་བཞི་པ། དྷི་ཡོའུ་ཐོའུ་ཐང་ཞི། དྷི་གསུམ་པའི་བུ་ཆུང་བ་ཡིན། དེ་སྔོན་རྒྱལ་སྲིད་ལ་མིང་ཟུར་པ་མེད་ཀྱང༌། འདིའི་དུས་ནས་རྒྱལ་སྲིད་ལ་ཐང་གི་མིང་བཏགས། ལོ་བརྒྱད་ཅུ་སྲིད་བཟུང་ནས་ལོ་བརྒྱ་དང་བཅོ་ལྔར་འདས། དྷི་ལྔ་པ། དྷི་ཞུན་ཡིའུ་ཡུས་རྒྱལ་པོ་ཀའུ་ཡང་ཞིའི་གདུང་བརྒྱུད་ལས། རྒྱལ་ཕྲན་ཀུ་ཟེའུ་ཞེས་པའི་བུ་ཆེ་བ་ཡིན། ལོ་བཞི་བཅུ་ཞེ་བརྒྱད་རིང་སྲིད་བཟུང༌། སྲིད་ཀྱི་མིང་ལ་ཡུས་ཟེར། ལོ་བརྒྱ་དང་བཅུར་འདས། |
| Domain | ལོ་རྒྱུས། |