3238
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གསུམ་པའི་མེ་རྟ་ཕྱི་ལོ་ ༡༨༨༦ ལོར་འཁྲུངས། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་གསོལ་ཇ་བ་ཡང་མཛད། སྤྱན་སྔ་ཀུན་སྤངས་པའི་དུས་སུ་ཇ་དཔོན་གནང་སྐབས་ཆུ་བར་དུ་བྲོས་ནས་ཐུགས་དམ་མཛད། དཀའ་བཞི་པ་ནམ་མཁའ་འོད་ཟེར་སོགས་དང་མཇལ། གདམས་པ་མང་དུ་ཞུས། རི་ཐེབས་གཉིས་ཀྱི་བར་དུ་བཞུགས། ཕྱིར་བྱོན་ཏེ་དགོན་རིན་ཆེན་གླིང་དུ་ལོ་སྐོར་གཅིག་ཙམ་བཞུགས། སྐབས་དེར་རྟོགས་པ་ཁྱད་པར་ཅན་འཁྲུངས། དུས་ཕྱིས་སུ་ཁ་རག་ཏུ་ཡུན་རིང་དུ་བཞུགས་པས་ཁ་རག་པ་ཞེས་གྲགས། གདན་ས་ཐེལ་དུ་ཕེབས་ཏེ་ཡུན་རིང་བཞུགས། གཞན་དོན་ལེགས་པར་བསྐྱངས། དགུང་ལོ་གྱ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་ལུག་ཕྱི་ལོ་ ༡༢༧༡ ལོར་སྐུ་གཤེགས། |