3239

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་རག་གྲགས་རྒྱལ་བ་ (1)
Part of speech མིང་ཚིག
Definition ཁོང་ནི། རབ་བྱུང་བཞི་པའི་མེ་རྟ་ ༡༢༤༦ ལོར་འཁྲུངས་ནས་(རྒྱ་བོད་ཚིག་མཛོད་དུ་ལོ་དྲུག་ཅུ་སྐོར་གཅིག་གིས་ནོར་ཡོད། )སྤྱན་སྔ་གྲགས་བྱང་བའི་གསོལ་ཇ་བ་ཡང་མཛད། སྤྱན་སྔ་ཀུན་སྤངས་པའི་དུས་སུ་ཇ་དཔོན་མཛད་པའི་སྐབས་སུ་ཆུ་དབར་དུ་བྲོས་ནས་ཐུགས་དམ་མཛད། བཀའ་བཞི་པ་ནམ་མཁའ་འོད་ཟེར་སོགས་དང་མཇལ་ནས་གདམས་པ་མང་དུ་ཞུས། རི་ཐེབས་གཉིས་ཀྱི་བར་དུ་བཞུགས་ནས་ཕྱིར་བྱོན་ཏེ། དགོན་རིན་ཆེན་གླིང་དུ་ལོ་སྐོར་གཅིག་ཙམ་བཞུགས། དེའི་སྐབས་སུ་རྟོགས་པ་འཁྲུངས། དུས་ཕྱིས་ཁ་རག་ཏུ་རྒྱུན་རིང་དུ་བཞུགས་པས་ཁ་རག་པར་གྲགས། དེ་ནས་གདན་ས་ཐིལ་དུ་བཞུགས་ནས་གཞན་དོན་བསྐྱངས། བརྒྱད་ཅུ་གྱ་དྲུག་པ་ལྕགས་ལུག་ ༡༣༣༡ ལོར་གཤེགས་སོ། །