From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ན་གི་ (1)
| Part of speech
|
མིང་ཚིག
|
| Definition
|
ཆེ་ཆུང་སྲན་ཙམ་ལ། དེ་ལས་ཅུང་ཟད་ཐུང་ཞིང་མཇུག་མ་སྦོམ་པ་དང༌། མགོ་བོ་ཆུང་ལ་རྣ་བ་ཐུང་ཞིང་མིག་སྒོར་ལ་ཆུང་བ། སུག་བཞི་ཧ་ཅང་ཐུང་བའི་ཁར་སྡེར་མོ་བྱི་བའི་སྡེར་མོ་འདྲ་བ་ཡོད་པའི་སྲོགས་ཆགས་ཤིག་གི་མིང་སྟེ། འདིའི་ལུས་ཀྱི་གཉའ་ནས་མཇུག་མཚམས་བར་ན་གི་སྟེ་མི་རྒན་གྱི་སེན་མོ་འདྲ་བ་བྱ་སྤུ་གནོན་པ་ལྟར་རིམ་བཞིན་གཅིག་འོག་གཅིག་གིས་མནན་ཡོད་ཅིང༌། འདི་ལ་གནས་སའི་དབང་གིས་རིགས་གཉིས་ཡོད། རྒྱུན་དུ་སྐམ་གཤེར་གཉིས་ཀར་གནས་ཏེ་སྐབས་རེ་རི་ལ་འཛེགས་ནས་ཨ་བྲ་དང་ཙི་ཙི་སོགས་སྐམ་སའི་སྲོག་ཆགས་ཆུང་རིགས་ཟ་བ་དང༌། སྐབས་རེ་ཆུ་ནང་དུ་བསྡད་ནས་ཉ་ཆུང་སོགས་ཆུ་ནང་གི་སྲོག་ཆགས་ཆུང་རིགས་ཀྱང་ཟ་བ་ཡིན།
|
ན་གི་ (2)
| Part of speech
|
མིང་ཚིག
|
| Definition
|
ཆུ་སྲིན་རྩངས་པ་ཁ་རལ་གྱི་སྡེར་མོའི་མིང༌།
|
ན་གི་ (3)
| Part of speech
|
མིང་ཚིག
|
| Definition
|
ཉ་ཁྲབ་ཅན་གྱི་རུས་པའི་མིང༌།
|
ན་གི་ (4)
| Part of speech
|
མིང་ཚིག
|
| Definition
|
ན་ཚའི་བྱེ་བྲག་ཅིག་ལ་གོ
|
ན་གི་ (5)
| Part of speech
|
མིང་ཚིག
|
| Definition
|
དབྱིབས་སྲན་མ་དང་འདྲ་བའི་སྨན་རྩྭ་ཞིག་གི་མིང་།
|