From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ན་རམ་ (1)
| Part of speech
|
མིང་ཚིག
|
| Definition
|
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་ནག་ཨ་ར་འདྲ་བའི་རྩ་ཕྲན་མང་བ་དང༌། ལོ་མ་སྔོ་ལྗང་མཐུག་ཅིང་སྣུམ་པ་སྒོང་དབྱིབས་འདྲ་བའི་མཐར་ཉག་ག་ཞིབ་པ་སོག་ལེའི་སོ་འདྲ་བའི་རྩེ་ཅུང་རྣོ་ཞིང་ཐ་རམ་གྱི་ལོ་མ་དང་འདྲ་བ་ལ་དེ་ལས་ཆེ་བ་བཞི་ལྔ་ཙམ་གཞི་རྩ་ནས་མཉམ་དུ་སྐྱེ་བའི་དབུས་ནས་མེ་ཏོག་གི་སྡོང་རྐང་ཕྲ་ལ་འདྲོང་བ་གསུམ་བཞི་ཙམ་སྐྱེ་བའི་རྩེར་མེ་ཏོག་དམར་སྐྱ་ཆུང་ལ་སྙེ་དབྱིབས་མེ་ཏོག་བང་རིམ་འཆར་བ་དང༌། འབྲས་བུ་ཁམ་སེར་ཞིབ་རྩིང་ཐ་རམ་གྱི་འབྲས་བུ་དང་དབྱེ་བ་ཆེར་མེད་པ་བཏགས་པ་སྟེ། བོད་ཀྱི་་ས་གནས་མང་ཆེ་བའི་བརླན་གཤེར་ཆེ་བའི་ན་གཤོངས་དང༌། ཆུ་ཡུར་གྱི་ཉེ་འཁོར། བཞའ་ཚན་ཆེ་བའི་སྲིབ་སོགས་སུ་སྐྱེ་བ་མང༌། ལོ་སྡོང་མེ་འབྲས་ལྷན་ཅིག་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཚ་གྲང་གི་གིས་འཁྲུ་བ་དང༌། རྒྱུ་ལོང་གི་ཚད་པ་སེལ་བར་བྱེད་པ་ཡིན།
|
ན་རམ་ (2)
| Part of speech
|
མིང་ཚིག
|
| Definition
|
རིམ་པ་བསྟར་ཆགས་ཀྱི་དོན།
|