32536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ན་རོ་ཆོས་དྲུག་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་པཎྚི་ཏ་ནཱ་རོ་ཏ་པ་ནས་བརྒྱུད་པའི་གདམས་པ་ཞིག་སྟེ། གདམས་པ་འདི་ལ་སྔོན་བྱོན་མཁས་པ་རྣམས་ཀྱིས་བཞེད་པའི་དབྱེ་བསྡུ་ཁྱད་པར་ཡོད་ཀྱང་། འདིར་རྗེ་སྐམ་པོ་པའི་བཞེད་པ་ལྟར་ན། བསྒོམས་པས་འཚང་རྒྱ་བ་གཏུམ་མོ། །སྒྱུ་མ་ལམ་དུ་བྱེད་པས་འཚང་རྒྱ་བ་རྨི་ལམ། གཉིད་མཐུག་ལམ་དུ་བྱེད་པས་འཚང་རྒྱ་བ་འོད་གསལ། མ་བསྒོམས་པར་འཚང་རྒྱ་བ་འཕོ་བ། གྲོང་འཇུག་འཕོ་བའི་ཆ་ལག་དང་། རྨི་ལམ་སྒྱུ་ལུས་གཅིག་ཏུ་འདུ་ཞིང་། བར་དོ་ཡང་དེའི་ཡན་ལག་ཏུ་བྱས་ནས་ཆོས་དྲུག་ཏུ་བཞེད་དོ། ། རྒྱ་གར་གྱི་པཎ་ཆེན་ནཱ་རོ་ཏ་པ་ནས་བརྒྱུད་པའི་གདམས་པ་ཞིག་སྟེ། ན་རོ་ཆོས་དྲུག་གི་དང་པོ་རྩ་བ་གསུམ་ནི། མ་རྒྱུད་དགྱེས་རྡོར་དང་བདེ་མཆོག་ནས་བཤད་པའི་གཏུམ་མོ། ཕ་བརྒྱུད་གསང་བ་འདུས་པ་ནས་བཤད་པའི་སྒྱུ་ལུས། དེ་ནས་བཤད་པའི་འོད་གསལ་བཅས་དང་། གཉིས་པ་ཡན་ལག་གསུམ་ནི། མ་རྒྱུད་གདན་བཞི་ནས་བཤད་པའི་འཕོ་བ། དེ་ནས་བཤད་པའི་གྲོང་འཇུག བར་དོའི་གདམས་ངག་བཅས་ཡིན་པས། དེ་རྣམས་ལ་བཀའ་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱིས་མིང་འདོགས་འདི་ལྟར་མཛད་དེ། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་བཅས་དྲུག་ཡིན་གསུང་སྲོལ་འདུག
ན་རོ་ཆོས་དྲུག་ (2)
Part of speech མིང་ཚིག
Definition གཏུམ་མོ། སྒྱུ་ལུས། འོད་གསལ། ཟུང་འཇུག གྲོང་འཇུག འཕོ་བ་སྟེ་དྲུག་གོ །