From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ན་ལེནྡྲ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔར་རྒྱ་གར་མ་ག་དྷ་རྒྱལ་ཁབ་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཡོད་པའི་དགོན་པ་གྲགས་ཅན་ཞིག་སྟེ། དུས་རབས་ལྔ་པ་ནས་དྲུག་པའི་དུས་མགོའི་བར་དུ་བཏབ། དེར་དགོན་ཆེན་བརྒྱད་ཡོད་པ་དང་དགེ་འདུན་གཞིས་བྱེས་ཞལ་གྲངས་ཆིག་ཁྲི་ཙམ་ཞིག་རྒྱུན་དུ་བཞུགས། དེར་ཐེག་ཆེན་ཐེག་ཆུང་དང༌། རིག་བྱེད། ཚད་མ། སྒྲ་རིག་པ་དང། གསོ་བ་རིག་པ་སོགས་བསླབ་པའི་གནས་ཡིན་པས་རྒྱ་གར་དུ་སློབ་གྲྭ་མཐོ་ཤོས་ཤིག་ཏུ་གྱུར། བོད་དུ་དར་བའི་ནང་པའི་ཆོས་ལུགས་ཀྱི་འབྱུང་ཁུངས་གཙོ་བོའང་དགོན་པ་འདི་ཡིན།
|
ན་ལེནྡྲ་ (2)
| Part of speech
|
མིང་ཚིག
|
| Definition
|
རབ་བྱུང་བདུན་པའི་ཤིང་ཡོས་ཏེ། ཕྱི་ལོ་ ༡༤༣༥ ལོར་ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱིས་འཕན་པོར་བཏབ་པའི་དགོན་པ་ཞིག་ཡིན།
|