32559
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འགྲམས་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། གཤིན་པོ་དག་གི་སྲོག་ལུས་དབང་ཀླུང་སྐྱེས་སྨེ་བཅས་ཀྱི་ཁམས་ལྔ་པོ་རང་མ་བུ་གྲོགས་དགྲ་ལྔར་ཕྱེས་ནས་སྲོག་ལྔའི་དར་གུད་གནམ་ལོ་དང་། ལུས་ལྔའི་དར་གུད་ཟླ་བ། དབང་ཐང་ལྔའི་དར་གུད་ཞག་པོ། ཀླུང་རྟ་ལྔའི་དར་གུད་དུས་ཚོད། སྐྱེས་སྨེ་ལྔའི་དར་གུད་གནམ་ལོ་བཅས་ལ་གཏུགས་ན་ན་ཤི་དུར་གསུམ་ལས་གང་ཡང་རུང་བ་ཞིག་འབབ་དུས་དེར་ཤི་ན་ཕོག་པའི་འགྲམས་ལ་ཟེར་བ་ཡིན། གལ་སྲིད་ན་ཤི་དུར་གསུམ་ལས་གང་ཡང་རུང་བ་ཞིག་བརྩི་བྱ་གཤིན་པོ་དེའི་སྲོག་རང་ལ་བས་ན་ཕ་དང་། ཁུ་བོ། རྒན་རིམ། དོ་བདག་བཅས་ལ་ངན། སྲོག་གི་བུར་བབས་ན་རྩིས་པ་ལ་ངན། སྲོག་གི་དགྲར་བབས་ན་རྟ་ནོར་ལ་ངན། ལུས་རང་ལ་བབས་ན་བུ་བྲན་ལ་ངན། ལུས་ཀྱི་མ་དང་དགྲ་གཉིས་ལ་བབས་ན་ཡུགས་སར་ངན། ལུས་ཀྱི་གྲོགས་ལ་བབས་ན་སྐྱེས་དར་ལ་ངན། དབང་ཐང་རང་ལ་བབས་ན་སྟོར་བརླག་གོད་ཁ་འོང་། དབང་ཐང་གི་མར་བབས་ན་སྟོར་བརླག་འོང་། དབང་ཐང་གི་བུར་བབས་ན་ཟན་འདེགས་ལ་ངན། དབང་ཐང་གི་དགྲར་བབས་ན་བཟང་། དབང་ཐང་གི་གྲོགས་ལ་བབས་ན་ཕྱུགས་མ་རྐང་བྲན་ལ་ངན། ཀླུང་རྟ་རང་དང་ཀླུང་རྟའི་མ་གཉིས་ལ་བབས་ན་བོན་ལ་ངན། ཀླུང་རྟའི་བུར་བབས་ན་མག་པ་དང་ཚ་ཡུག་ལ་ངན། ཀླུང་རྟའི་གྲོགས་ལ་བབས་ན་གྲོགས་པོར་ངན། ཀླུང་རྟའི་དགྲར་བབས་ན་ཆུང་མ་དང་མེ་ཆུ་ལེན་མཁན་ལ་ངན། སྨེ་བ་རང་ལ་བབས་ན་ཁྱིམ་མཚེས་ལ་ངན། སྨེ་བའི་མར་བབས་ན་ཆུང་མར་ངན། སྨེ་བའི་གྲོགས་ལ་བབས་ན་ནོར་ལ་ངན། སྨེ་བའི་དགྲར་བབས་ན་དགྲ་ལ་ངན། སྐབས་འདིར་ན་ཤི་དུར་གསུམ་ཁྱད་པར་དུ་གཉན་པས་ན་ཤི་དུར་འགྲམས་ཞེས་དམིགས་སུ་བཀར་བ་ལས། སྤྱིར་ངན་དྲུག་ལ་བབས་ན་རྩུབ་པས་གཞན་གསུམ་སྟེ། གུད་པ་དང་། དབུགས་ལེན། མངལ་གནས་གསུམ་ལ་བབས་དུས་ཤི་ཡང་དར་གུད་ཀྱི་འགྲམས་ཕོག་ཅིང་། སྐྱེས་སྨེ་འདིའི་ཚབ་ཏུ་བླ་སྟེ་སྲོག་མ་བཞག་ཀྱང་རུང་བར་བཤད། |
| Domain | རྩིས་རིག |