32677

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནག་ཚང་མའི་སེར་སྡེའམ་སྒྲུབ་སྡེ་བྱང་ཆུབ་གླིང་ (1)
Part of speech མིང་ཚིག
Definition ནག་ཚང་མའི་སེར་སྡེའམ་སྒྲུབ་སྡེ་བྱང་ཆུབ་གླིང༌། མདོ་སྨད་རྔ་བ་གཅའ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། ཐོག་མར་བི་རུ་དཔོན་སློབ་མཐུ་སྟོབས་ཀྱིས་ཕྱག་བཏབ། འདི་པའི་སྐྱེ་བརྒྱུད་ཕྱི་མ་རྣམས་རྔ་བ་ཀིརྟི་དགོན་དུ་བཞུགས་པར་ནག་ཚང་ཨ་ལགས་ཞུ། ནག་ཚང་མ་རྔ་བ་ཀིརྟི་དགོན་གྱི་ལྷ་སྡེར་གྱུར་པ་ནས་བཟུང་སེར་སྡེ་འདི་ཀིརྟིའི་དགོན་ལག་ཏུ་གྱུར། ཀིརྟི་དགོན་པའི་ཕྱག་ལེན་ལྟར་གྱི་ཆོ་འཕྲུལ་སྨོན་ལམ་དང་དགའ་ལྡན་ལྔ་མཆོད། མཎི་བདུན་སྒྲུབ་བཅས་ཀྱི་སྒྲུབ་མཆོད་ཚུགས། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༧༠ ལྷག་བཞུགས།