3275
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རྒན་དྲུག་ཅུ་པོ་སྲོག་དབང་གཉིས་ཀའི་ཁམས་ཀྱི་འབྲེལ་བ་ལ་བརྟེན་ནས་ཁག་ལྔར་བསྡུས་པའི་ནང་གསེས་ཤིག་སྟེ། དབང་ཁམས་ནི་སྲོག་ཁམས་ཀྱི་གྲོགས་སུ་འགྲོ་བའི་ལོ་དག་ལ་ཟེར་བ་ཡིན། ལོ་འགྲོས་བཅུ་གཉིས་ལ་ལྟོས་པའི་དེ་ལྟའི་ལོ་བཅུ་གཉིས་ཡོད་པ་ནི་ཤིང་གི་བྱ་སྦྲེལ་དང་། མེ་ཡི་བྱི་ཕག ས་ཡི་སྟག་ཡོས། ལྕགས་ཀྱི་རྟ་སྦྲུལ། ཆུ་ཡི་གཤེད་བཞི་བཅས་ཡིན་ཞིང་། དེ་དག་ལས་གང་ཞིག་གནམ་ལོར་ཤར་བའི་སྟེང་དུ་སྐྱེས་པའི་བརྩི་བྱ་དག་ལ་སྤྱིར་མི་རྒྱུད་བཟང་པོ་བུ་ལྷ་སྲས་དང་བུ་མོ་སྨན་མོ་ལྟ་བུ་འབྱུང་། ཁྱིམ་སར་བྱེ་བྲལ་དང་མར་འགྲོགས་ཡུན་ཐུང་། ཞང་པོའི་སར་དར་གུད་ཆེ་བས་ཟས་ནོར་ལ་གང་སྟོང་འབྱུང་། ཁ་སྨྲས་འོང་། མི་རྒྱུད་ཡུལ་ས་གསུམ་མམ་གཉིས་སུ་འཛིན་པ་ལས་ལ་ལ་དར་ཞིང་རྒྱས། ལ་ལ་རྨོངས་ཤིང་གུད། ལ་ལ་གསོན་པར་འཁྱམས་པས། བཟློག་པའི་རིམ་གྲོར་སྲུང་མའི་བསྐང་བཤགས་དང་། སཱཙྪ་ཅི་མང་། གཟུངས་འདུས། གསེར་འོད། དགྲ་ལྷ་དཔང་བསྟོད་བཅས་བྱ་དགོས། བྱེ་བྲག་ཏུ་སྲོག་ཁམས་ཀྱི་གྲོགས་སུ་འགྲོ་བའི་དབང་ཁམས་དེ་འབྱུང་བ་ལྔ་ལས་གང་ཡིན་ལ་བལྟས་ཏེ་ཁ་རལ་ལོ་བཅུ་གཉིས་པོ་ཡང་ཕ་ཁུའི་ཁ་རལ་དང་། རང་ཉིད་ཀྱི་ཁ་རལ། མ་ཕྱིའི་ཁ་རལ། ཞང་གཉེན་གྱི་ཁ་རལ། ནོར་གྲོགས་ཀྱི་ཁ་རལ་བཅས་ཁག་ལྔར་བསྡུས་པ་ལ་རང་འབྲས་རེ་ཡོད་པ་ཡིན། |
| Domain | རྩིས་རིག |