32763

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནགས་ལྷ་ཛམ་བྷའི་གནས་རི་ (1)
Part of speech མིང་ཚིག
Definition དེ་ཡང་རིག་འཛིན་ཆོས་ཀྱི་གྲགས་པས་མཛད་པའི་ནགས་ལྷའི་ལྷ་བསང་རྒྱས་པ་ལས། ཆོས་འཁོར་ལྷ་སའི་ཤར་ཕྱོགས་ན། །དཀར་དམར་གྲམ་གསུམ་ལྷོ་ཕྱོགས་ན། །ཚ་བ་སྒང་གི་ནུབ་ཕྱོགས་ན། །དག་པ་ཤེལ་རིའི་བྱང་ཕྱོགས་ན། །སྦས་ཡུལ་ནགས་ཀྱི་སྐྱེད་ཚལ་ན། །ཞེས་ས་ཕྱོགས་གསལ་བར་བསྟན་པ་བཞིན། ཡར་ཆབ་གཙང་པོ་ལྷོ་ནས་ནུབ་ཏུ་འབབ་པའི་འགོ ། འབྲི་ཆུ་སྔོན་མོ་ནུབ་ནས་ཤར་དུ་འབབ་པའི་གཡས་ཕྱོགས། རྒྱལ་མོ་དངུལ་ཆུ་ནུབ་ནས་ཤར་དུ་འབབ་པའི་འགོ་མ། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་དབུ་རྩེ་རུ། ཟླ་ཐང་ཡུལ་ཚོའི་བྱང་ཤར་ན་ཡོད་ཅིང་། གནས་རི་འདིའི་ཁྱད་ཆོས་ནི་ཤར་ནས་བལྟས་ན་དམག་དཔོན་མདུང་དར་འཕྱར་བ་འདྲ། ལྷོ་ནས་བལྟས་ན་ཁྱུང་ཆེན་གཤོག་པ་བརྐྱངས་པ་འདྲ། ནུབ་ནས་བལྟས་ན་སྟག་མོ་གནམ་ལ་མཆོངས་པ་འདྲ། བྱང་ནས་བལྟས་ན་དྲེད་ནག་རལ་པ་གསིག་པ་འདྲ། དབུས་ནས་བལྟས་ན་དྲག་པོའི་དམར་གཏོར་བཤམས་འདྲའི་རི་བོ་འདི་ཉིད་བརྗིད་ཅིང་ལྷུན་ཆགས་པར་གནས། རི་ཆེན་འདི་ནི་ནགས་ཤོད་པ་རྣམས་ཀྱིས་གནས་རི་རྩ་ཆེ་ཤོས་ཤིག་ལ་རྩི་བཞིན་ཡོད།