32764
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇིག་རྟེན་ཚུལ་བཟུང་ཞི་དྲག་རྣམ་འགྱུར་གྱིས། །བསྟན་འགྲོའི་ཕན་བདེ་སྤེལ་མཛད་ཁྱོད་ལ་བསྟོད། །ཅེས་གསུངས་པ་བཞིན་བསྟན་འགྲོའི་ཕན་བདེ་སྤེལ་ཕྱིར་ལྷ་ཁྱོད་ཞི་བའི་ལས་ལ་གཤེགས་པའི་ཚེ། སྟོང་གསུམ་ཡུད་ཀྱི་བསྐོར་བའི་གྱི་ལིང་རྟ་མཆོག་དཀར་པོར་གསེར་སྲབ་གཡུ་འཐུར་ཅན། རིན་ཆེན་མཆོང་གི་སྒ་ལ་གཡུ་ཡི་ཡོབ་ཆེན་ཁྲོལ་བ། དར་ཟབ་ཀྱི་གཟར་གདན་དང་དར་ཐག་གི་གོང་སྨད་བྱས་ཤིང་། དེའི་སྟེང་དུ་དཔའ་བོ་ཆེན་པོ་སྐུ་མདོག་དུང་ལྟར་དཀར་ཞིང་ཤེལ་ལྟར་དྭངས་བའི་བྱད་གཟུགས་རབ་ཏུ་མཛེས་ཤིང་ཡིད་ལ་སྡུག་པ། ཞི་བའི་འཛུམ་མདངས་འཕྲོ་ཞིང་དགྱེས་པའི་ཉམས་ཀྱི་མཐོང་ན་མི་མཐུན་པ་མེད་པ་བརྗིད་བག་ཆགས་པ། གནམ་ལྕགས་ཁྲོ་ཆུའི་མེ་ཆར་བབས་ཀྱང་འཇིག་པར་མི་ནུས་པར་ལི་ཡི་རྨོག་དང་དངུལ་དཀར་ཁྲབ་ཆེན་སྐུ་ལ་གསོལ་བ། ཕྱག་གཡས་རབ་མཛེས་བ་དན་དཀར་པོ་ཕྱར་ཞིང་། གཡོན་པས་འགྲོ་ཀུན་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་ཞིང་འདོད་དོན་ཡིད་བཞིན་དུ་འགྲུབ་པའི་དགོས་འདོད་ཀུན་འབྱུང་ནོར་བུ་འཛིན་པ། ཞལ་ནས་སྣ་ཚོགས་རིན་ཆེན་ཆར་རྒྱུན་འབེབས་པ། ལྷ་མཆོག་ཁྱོད་ལ་སྐྱབས་སུ་གསོལ་བའི་འགྲོ་བ་རྣམས་ནད་གདོན་དབུལ་ཕོངས་སེལ་ཞིང་ཚེ་དཔལ་ལོངས་སྤྱོད་སྤེལ་བ། ཟས་ནོར་ཆར་ཆེན་འབེབས་མཁས་སྨུག་འཛིན་གར་གྱི་རོལ་པ་ནགས་ལྷ་ཞེས་ཡོངས་སུ་གྲགས། དེ་ཡང་། ཁྱབ་བདག་སྟག་ཕུ་རྡོ་རྗེ་འཆང་ཆེན་པོས། ཉིད་ལ་སྐྱབས་སུ་གསོལ་བའི་འགྲོ་རྣམས་ལ། །ནད་གདོན་དབུལ་སེལ་ཚེ་དཔལ་ལོངས་སྤྱོད་སྤེལ། །ཟས་ནོར་ཆར་འབེབས་སྨུག་འཛིན་ཁྱོད་ལ་བསྟོད། །ཅེས་གསུངས་སོ། ། |